ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཙུང་ཐུང་གཞོན་པ་པེ་ཏེང་གིས་ར་སྤྲོད་གནང་བར་གཞིགས་ན། ཨ་རིས་སྤྱི་ལོ༢༠༡༨ལོར་ཕོ་ལན་དུ་ཡོ་རོབ་གླིང་གི་མེ་ཤུགས་འཕུར་མདེལ་འགོག་བྱེད་མ་ལག་བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་གཞོན་པ་པེ་ཏེང་གིས་ཉིན་དེར་ཧ་ཧྲར་དུ་ཕོ་ལན་གྱི་ཙུང་ལི་ཐོ་སེ་ཁེ་དང་མཇལ་འཛོམས་གནང་རྗེས་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག་གསལ་བསྒྲགས་སྤེལ་བའི་ནང་། ཨ་རིའི་ལོ་ཤས་གོང་ནས་ཁྱབ་བསྒྲགས་བྱས་པའི་འཆར་གཞི་དེ་ད་དུང་གོ་ཆོད་པ་ཞིག་ཡིན་པ་མ་ཟད། དོན་ཐོག་ཏུ་འཁྱོལ་བ་བྱ་དགོས་ངེས་རེད་ཅེས་གསུངས་པ་དང་། ཁོང་ནས་ད་དུང་། ཕོ་ལན་དུ་ཡོ་རོབ་གླིང་གི་མེ་ཤུགས་འཕུར་མདེལ་འགོག་བྱེད་མ་ལག་བཀོད་སྒྲིག་བྱ་རྒྱུ་མ་ཟད། ཕོ་ལན་དམག་དཔུང་གིས་གོ་མཚོན་གསར་པ་བརྗེ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་འདུག
ཡོ་རོབ་གླིང་གི་མེ་ཤུགས་འཕུར་མདེལ་འགོག་བྱེད་མ་ལག་དེ་མ་འོངས་པའི་བྱང་ཆིངས་ཀྱི་འཐབ་ཇུས་བསམ་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།