ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ༢༠༡༤ལོའི་ཨད་ཏིང་པའོ་སྒྱུ་རྩལ་དུས་ཆེན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་བཅོ་བརྒྱད་ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ནས། ད་ལོའི་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་ཁག་གི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་ཡོད་པ་རེད། ད་ལོ་ནི་འཛམ་གླིང་དམག་ཆེན་དང་པོ་ལངས་ནས་ལོ་བརྒྱ་འཁོར་བའི་ལོ་ཞིག་ཡིན་པས། སྒྱུ་རྩལ་དུས་ཆེན་གྱི་ནང་དོན་གཙོ་བོ་ཡང་དམག་འཁྲུག་དང་འབྲེལ་བ་བྱས་ཡོད་པ་རེད།
དབྱིན་ཇིའི་ཨད་ཏིང་པའོ་སྒྱུ་རྩལ་དུས་ཆེན་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་གྲས་ཤིག་ཡིན་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་ནས་ཕེབས་པའི་སྒྱུ་རྩལ་མཁས་ཅན་རྣམས་ལོ་ལྟར་ཟླ་བ་བརྒྱད་པར་སུ་ཀེ་ལན་གྱི་ལྟེ་གནས་གྲོང་ཁྱེར་ཨད་ཏིང་པའོ་རུ་འཛོམས་ནས་སྒྱུ་རྩལ་སྤེལ་རེས་བྱེད་ཀྱི་ཡོད་པ་རེད།