མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥང་ཧྥེང་ཧུའེ་ཡིས་མ་ལེ་ཞི་ཡའི་དྲག་ཆས་དཔུང་སྡེའི་དམག་སྤྱིར་ཞལ་པར་བསྐྱོན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-20 10:19

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། སྤྱི་ཁྱབ་དྲག་ཇུས་དཔོན་ཧྥང་ཧྥེང་ཧུའེ་ཡིས་སྤྱི་ཚེས་༡༩ཉིན་གྱི་ཕྱི་དྲོར་མ་ལེ་ཞི་ཡའི་དྲག་ཆས་དཔུང་སྡེའི་དམག་སྤྱི་ཙུའུ་ཅི་ཧྥེ་ལེ་དང་ཞང་པར་བསྐྱོན་ཡོད་པ་དང་། ཕྱོགས་གཉིས་པོས་མ་ལེ་ཞི་ཡའི་མཁའ་འགྲུང་ཀུང་སིའི་ས་ཐོག་དང་འབྲེལ་བ་ཆད་པའི་གནམ་གྲུ་འཚོལ་སྐྱོབ་བྱེད་པའི་ལས་དོན་ཐད་གཟིགས་སྟངས་བརྗེ་རེས་གནང་ཡོད་པ་རེད།

    ཧྥང་ཧྥེང་ཧུའེ་ཡིས། མ་གཞི་ད་བར་སྔར་བཞིན་འབྲེལ་བ་ཆད་པའི་གནམ་གྲུའི་གནས་ཚུལ་ཤེས་རྟོགས་ཐུབ་མེད། འོན་ཀྱང་རེ་བ་ཕྲན་བུ་ཡོད་ཚེ། ང་ཚོས་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན། ཀྲུང་གོའི་དམག་དཔུང་གིས་མུ་མཐུད་ནས་དམག་གྲུ་དང་། གནམ་གྲུ། ཆེད་ལས་སྟོབས་ཤུགས་སོགས་མངགས་གཏོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་ལས་དོན་ནང་ཞུགས་རྒྱུ་ཡིན། མ་ལེ་ཞི་ཡའི་ཕྱོགས་ནས་སྣེ་ཁྲིད་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་པ་དང་། དུས་ཐོག་ཏུ་གནས་ཚུལ་བརྡ་ཁྱབ་གཏོང་བ། གང་མགྱོགས་ཞིབ་ཕྲའི་འཚོལ་སྐྱོབ་ཁྱབ་ཁོངས་གསལ་པོ་བཟོ་བ་བཅས་བྱས་ནས། འཚོལ་སྐྱོབ་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་དང་དུས་མཚུངས། ཀྲུང་གོའི་དམག་དཔུང་འཚོལ་སྐྱོབ་ལས་དོན་ནང་ཞུགས་རྒྱུར་སྟབས་བདེ་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

    ཙུའུ་ཅི་ཧྥེ་ལིས་འཚོལ་སྐྱོབ་ལས་དོན་གྱི་འཕེལ་རིམ་གནས་ཚུལ་དང་གོམ་སྟོབས་རྗེས་མའི་འཚོལ་སྐྱོབ་བསམ་ཚུལ་ངོ་སྤྲོད་གནང་ཡོད་པ་དང་། མ་ལེ་ཞི་ཡས་ཀྲུང་གོས་གོམ་སྟོབས་རྗེས་མའི་འཚོལ་སྐྱོབ་བྱ་སྤྱོད་ནང་ཞུགས་རྒྱུར་དགོས་ངེས་ཀྱི་རོགས་རམ་ཡོད་ཚད་འཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག