མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོ་ལ་ལྟ་ཞིབ་པ་སྟོང་ཕྲག་ཙམ་མངག་གཏོང་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་སུ་སྡོད་པའི་སུའེ་ཙེར་གྱི་འཐུས་མི་ཁི་ལི་སི་ཏེན་གྱིས་ཚེས13ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་སྐབས་སུ། རྩ་འཛུགས་དེས་ཝུའུ་ཁི་ལན་ལ་ལྟ་ཞིབ་པ་སྟོང་ཕྲག་ཙམ་མངག་གཏོང་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཁི་ལི་སི་ཏེན་གྱིས་ཅི་ཧྥུའུ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་གི་ནང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་དུ་ལྟ་ཞིབ་པ་བརྒྱ་ལྷག་མངག་གཏོང་བྱེད་རྒྱུ་ཡིན་ལ། ལྟ་ཞིབ་པ་དེ་དག་གིས་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་བརྒྱུད་རིམ་ཡོངས་ལ་ལྟ་རྟོག་བྱེད་རྒྱུ་རེད་ཟེར།

ཁི་ལི་སི་ཏེན་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་ཆེན་པོ་ཟླ་ལྔ་བར་སྤེལ་སྐབས་དུས་ཡུན་ཐུང་ངུའི་ལྟ་ཞིབ་པ་དགུ་བརྒྱ་མངག་གཏོང་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་བསྡོམས་པས་མི་སྟོང་གཅིག་ལྷག་གིས་ཝུའུ་ཁི་ལན་དུ་ལས་འགན་ལག་བསྟར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག