མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མན་དང་དབྱི་ལིང་གིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་ཡར་སྐུལ་བྱེད་དགོས་པའི་ཚུལ་བསྟན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མན་དང་དབྱི་ལིང་གིས་ཚེས་བཅུ་གསུམ་ཉིན་མཱ་སི་ཁཱ་ཐི་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་གི་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་པར་དགའ་བསུ་ཞུས་པར་མ་ཟད། མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་མཇུག་མཐའི་ཐུན་མོང་ལྟ་ཚུལ་འགོད་པར་ཡར་སྐུལ་བྱེད་དགོས་པ་ནན་བཤད་བྱས།

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཉིན་དེར་ཨ་མན་དུ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་པ་མཇུག་རྫོགས། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་བརྩོན་པ་ལྡབ་འགྱུར་བྱས་ཏེ་ཐུན་མོང་གི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ས་ཁུལ་དང་ཐ་ན་འཛམ་གླིང་གི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཕྱོགས་གཉིས་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ནན་བཤད་བྱས་པ་དང་། མུ་མཐུད་དུ་ས་ཁུལ་གྱི་མཉམ་ལས་དང་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། དྲག་ཤུགས་དང་ཐལ་སྤྱོད་རིང་ལུགས་མེད་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། ཨ་མན་དང་དབྱི་ལིང་གིས་མུ་མཐུད་དུ་ཕན་ཚུན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཞོར་དུ་རྒྱལ་ཁབ་རང་གི་ཁེ་ལས་དང་ཁྱད་པར་དུ་སྒེར་གཉེར་ཁེ་ལས་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་དངུལ་གཏོང་ཇེ་མང་དུ་གཏོང་བར་སྐུལ་མ་གཏོང་རྒྱུ་ཡིན་ཟེར།

ལུའུ་ཧཱ་ནེ་ཡིས་འཚམས་འདྲི་བྱེད་སྐབས་ཨ་མན་གྱི་ཁེ་ལས་པར་ཐུག་འཕྲད་བྱས་པ་དང་། ཁོས་དབྱི་ལིང་གིས་དངུལ་གཏོང་ཁོར་ཡུག་ལེགས་བཅོས་བྱས་ཏེ་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་དབྱི་ལིང་ནས་མ་དངུལ་གཏོང་བར་ནང་འགུག་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག