མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཡང་བསྐྱར་ཡོ་རོབ་གླིང་བར་གྱི་གཞི་གཅིག་ཅན་གྱི་བྱེད་ཕྱོགས་ཁས་ལེན་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཚེས13ཉིན་གྲོས་ཆོད་བཀོད་དེ། ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་གཞི་གཅིག་ཅན་གྱི་བྱེད་ཕྱོགས་ཡང་བསྐྱར་ཁས་ལེན་བྱས།

ཚོགས་ཞུགས་ཀྱི་གྲོས་མི་སུམ་བརྒྱ་དང་ཞེ་ལྔའི་ཁྲོད་གྲོས་མི་ཉིས་བརྒྱ་དང་ང་གཉིས་གྲོས་ཆོད་དེར་ཡིད་འཐད་བྱུང་། གྲོས་དཔོན་ཐུའུ་ཨར་ཅི་ནོའུ་ཧྥུའུ་ཡིས་བརྡས་གཅོད་བྱས་རྗེས་བཤད་རྒྱུར། གྲོས་ཁང་གིས་སྲིད་གཞུང་གི་རེ་འདོད་ལྟར་དུ་གྲོས་ཆོད་དེར་གྲོས་མཐུན་བཀོད་པ་ཡིན་ལ། རྒྱལ་ཁབ་ཀྱི་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་བྱེད་ཕྱོགས་དེ་ད་ལྟར་རྩ་བ་ནས་སླར་གསོ་བྱུང་ཡོད་ཟེར།

ཝུའུ་ཁི་ལན་གྲོས་ཁང་གིས་སྲིད་གཞུང་གིས་ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་མཐུན་བཀོད་དེ་ལག་བསྟར་བྱེད་པར་ངེས་པར་དུ་མཁོ་བའི་བྱེད་ཐབས་སྤྱད་ནས། ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་གང་མགྱོགས་སྒོས་ཝུའུ་ཁི་ལན་གི་ཚབ་བྱས་ཏེ་དང་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་མཐུན་འགོད་དགོས་པའི་སྐུལ་མ་གཏོང་རྒྱུའི་གྲོས་གཞི་བཏོན།

ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་མོལ་བྱས་ཏེ། སྔོན་ལ་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་མཐུན་ནང་གི་ཆབ་སྲིད་ལ་འབྲེལ་བའི་ནང་དོན་འགོད་པ་དང་། དཔལ་འབྱོར་ལ་འབྲེལ་བའི་ནང་དོན་ཐག་གཅོད་མ་བྱས་གོང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་ཉོ་ཚོང་གི་གཟིགས་སྐྱོང་བྱེད་ཐབས་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད། ཚོད་དཔག་བྱས་ན་གྲོས་མཐུན་དེའི་ཆབ་སྲིད་ལ་འབྲེལ་བའི་ནང་དོན་དེ་གཟའ་འཁོར་རྗེས་མར་འགོད་ཐུབ་ངེས་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག