མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་བར་ལོ་རྒྱུས་རང་བཞིན་ལྡན་པའི་འགྲིག་མཐུན་མངོན་འགྱུར་འབྱུང་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-14 10:59

英国首相呼吁巴以实现历史性和解.jpg

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས12ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཡེ་ལུའུ་སཱ་ལེམ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། དབྱི་སི་རལ་དུ་འཚམས་འདྲི་བྱེད་བཞིན་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་ཉིན་དེར་གཏམ་བཤད་སྤེལ་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་བར་ལོ་རྒྱུས་རང་བཞིན་ལྡན་པའི་འགྲིག་མཐུན་མངོན་འགྱུར་འབྱུང་དགོས་པའི་འབོད་སྐུལ་བཏང་། དེ་ནི་ཁཱ་མེ་ལུང་གིས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་དབྱི་སི་རལ་དུ་འཚམས་འདྲི་བྱས་པ་རེད། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག