ཟླ3པའི་ཚེས12ཉིན། ཝུའུ་ཁི་ལན་གྱི་སེ་ཝ་སི་ཐའོ་པའོ་ཨར་མཚོ་ཁུགས་སུ་ཨུ་རུ་སིའི་གྲུ་གཟིངས་རུ་ཁག་གིས་སྐོར་གཡེང་བྱེད་བཞིན་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས13ཉིན་རྒྱལ་ཚོགས་ནས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་སྐབས། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱའི་འཁྲུག་རྩོད་ཐད་ཀྱི་རྣམ་འགྱུར་མི་བསྒྱུར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་ཁབ་དེར་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་པར་བཤད་ཀྱང་། དམག་དོན་ཐེ་གཏོགས་བྱེད་མི་སྲིད་ཟེར།
ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་ཡིས་མི་འགྱངས་པར་བརྡས་གཅོད་བྱས་ཏེ་རྒྱལ་ཁབ་གང་གི་ཁོངས་གཏོགས་སུ་བྱེད་པར་ཐག་གཅོད་བྱེད་རྒྱུ་ཡིན་པས། འཇར་མན་སྲིད་གཞུང་གིས་ཨུ་རུ་སི་ལ་སྐྱོན་བརྗོད་བྱེད་པའི་ཁ་ཚིག་སྔར་ལས་ཇེ་དྲག་ཏུ་འགྲོ་བཞིན་ཡོད། མའོ་ཁི་ཨར་གྱིས་རྒྱལ་ཚོགས་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་དགོས་གལ་ཆེ་བའི་གནས་ཚུལ་འོག་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།
མའོ་ཁི་ཨར་གྱིས་ད་རུང་བཤད་རྒྱུར། ཁི་ལི་མུས་ཡཱའི་འཁྲུག་རྩོད་ལ་དམག་དོན་ཐེ་གཏོགས་བྱེད་མི་སྲིད་ཟེར། །