མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་ལྷ་བས་གནམ་གྲུ་ཐང་ནས་ལྷ་བབས་ཏེ་གནམ་གྲུ་གར་ཡོད་བཙལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-12 11:00

家属抵达吉隆坡入住酒店。.jpg

ཁྱིམ་མི་དག་ཅི་ལུང་ཕའོ་རུ་འབྱོར་ནས་མགྲོན་ཁང་དུ་བསྡད་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་གྱི་སྔ་དྲོར་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་འགྲུལ་བའི་ཁྱིམ་མི་སྐོར་ཁག་དང་པོ་ཅི་ལུང་ཕའོ་རུ་འབྱོར། རྒྱུས་ལོན་བྱུང་བ་ལྟར་ན། སྐོར་ཁག་དང་པོར་ཁྱིམ་མི12ཡོད་པ་དང་། ཁྱིམ་མིའི་འགྲོ་རོགས་ལ་སེམས་ཁམས་ཆེད་མཁས་པ་སོགས་ཡོད། གནམ་གྲུ་གཅིག་ལ་བསྡད་དེ་ཡོང་བའི་པེ་ཅིན་གསར་འགྱུར་ལས་རིགས་ཀྱི་གསར་འགོད་པས་བཤད་རྒྱུར། གནམ་གྲུའི་སྟེང་ཁྱིམ་མི་ཚང་མར་ཁ་ཁར་སྡོད་དུ་བཅུག་པ་དང་། པར་མི་ལེན་པ་དང་ཁ་བརྡ་བྱེད་མི་རུང་བའི་བྱེད་ཐབས་སྤྱད་པ་རེད་ཟེར།

   ཀྲུང་གོའི་འགྲུལ་བ12ཀྱི་ཁྱིམ་མི་གནམ་གྲུ་ལས་བབས་རྗེས་དམིགས་བསལ་གྱི་རྒྱུ་ལམ་བརྒྱུད་དེ་ཕྱིར་བུད་པ་དང་། དེའི་རྗེས་སུ་ཅི་ལུང་ཕའོ་གནམ་གྲུ་ཐང་དང་བར་ཐག་སྤྱི་ལེ20ཙམ་ཡོད་པའི་མགྲོན་ཁང་ཞིག་ཏུ་བསྐྱལ་བ་རེད་ཟེར།

   རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེའི་ཕྱི་དྲོར་མཱ་ལེ་ཞི་ཡཱའི་མིང་དུ་གྲགས་པའི་ལྷ་བ་དབྱེ་པུའུ་ལཱ་ཞིན་མཱ་ཅི་ལུང་ཕའོ་གནམ་གྲུ་ཐང་དུ་ཡོང་ནས་ལྷ་བབས་ཏེ་གར་སོང་མ་རྙེད་པའི་གནམ་གྲུ་གར་ཡོད་འཚོལ་རྩིས་བྱས། ལྷ་བ་དབྱེ་པུའུ་ལཱ་ཞིན་མཱས་བཤད་རྒྱུར། གནམ་གྲུ་དེ་སྔར་བཞིན་བར་སྣང་དུ་ཡོད་པའམ་ཡང་ན་མཚོ་ནང་དུ་ལྷུང་ཡོད་ལ། སྐམ་སའི་སྟེང་དུ་ལྷུང་མེད་ཟེར། མཱ་ལེ་ཞི་ཡཱའི་སྲིད་གཞུང་དཔོན་རིགས་ཀྱིས་བཤད་རྒྱུར། གར་སོང་མ་རྙེད་པའི་གནམ་གྲུ་དེ་སྔོག་བཤེར་བྱེད་ཆེད། བྱེད་ཐབས་གང་རུང་སྤྱོད་སྲིད་པ་དང་། དབྱི་སི་ལན་ཆོས་ལུགས་དང་མི་འགལ་བའི་གནས་ཚུལ་འོག་ལྷ་བ་སོགས་མི་གང་རུང་སྔོག་བཤེར་འགུལ་སྐྱོད་ལ་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག