མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་གྲོས་དཔོན་གྱིས་གཟའ་འཁོར་འདིའི་ནང་ཁི་ལི་མུས་ཡཱའི་གྲོས་ཁང་གཏོར་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-12 10:59

乌议长称议会可能本周决定解散克里米亚议会.jpg

  ཟླ3པའི་ཚེས10ཉིན། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་ནས་རྟགས་ཅི་ཡང་མེད་པའི་འཁྲབ་ལྡན་འཁོར་ལོའི་རུ་ཁག་ཅིག་སེ་ཝ་སི་ཐའོ་པའོ་ཨར་ནས་ཞིན་ཧྥེ་ལོ་པའོ་ཨར་དུ་བགྲོད་བཞིན་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཆེས་མཐོའི་གྲོས་ཁང་གིས་ཚེས་བཅུ་གཅིག་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ་ཁི་ལི་མུས་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས། ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ལས་འགན་ལག་བསྟར་བྱེད་བཞིན་པའི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཚོགས་ཐོག་ནས་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་གྱི་རྩ་ཁྲིམས་ཁྲིམས་ཁང་གིས་མྱུར་དུ་ཁི་ལི་མུས་ཡཱའི་གྲོས་ཁང་གཏོར་བའི་སྐོར་གྱི་ཆོད་དོན་བཏོན་ན། གྲོས་ཁང་གིས་གཟའ་འཁོར་འདིའི་ནང་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་ངེས་རེད་ཟེར།

  ཐུའུ་ཨར་ཅི་ནོའུ་ཧྥུའུ་ཡིས་བཤད་རྒྱུར། རྩ་ཁྲིམས་ཁྲིམས་ཁང་གིས་འགོར་འགྱངས་མི་བྱེད་པར་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཐག་གཅོད་བྱེད་དགོས་པ་དང་། དེ་ལྟར་བྱས་ན་གྲོས་ཁང་གིས་གཟའ་འཁོར་འདིའི་ནང་ཁྲིམས་འགལ་བྱ་སྤྱོད་ཡོད་པའི་ཁི་ལི་མུས་ཡཱའི་གྲོས་ཁང་གཏོར་རྒྱུ་ཐག་གཅོད་གསལ་བོ་བྱས་ཆོག་ཟེར། ཝུའུ་ཁི་ལན་གྱི་རྩ་ཁྲིམས་ལྟར་ན། ཝུའུ་ཁི་ལན་གྱི་རྩ་ཁྲིམས་ཁྲིམས་ཁང་གིས་ཆོད་དོན་བཏོན་རྗེས། ད་གཟོད་གྲོས་ཁང་གིས་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གཏོར་བའི་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་མཐུན་འགོད་པའི་དབང་ཆ་ཡོད་པ་རེད།

  ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་བཤད་རྒྱུར། དཔལ་འབྱོར་ཐད་ལ་དཀའ་ཁག་ཆེན་པོ་ཡོད་ཀྱང་ཝུའུ་ཁི་ལན་སྲིད་གཞུང་གིས་རྒྱལ་དམངས་རུ་སྲུང་རུ་ཁག་དང་ཝུའུ་ཁི་ལན་དྲག་ཆས་སྟོབས་ཤུགས་ཀྱི་གཞི་རྩའི་དགོས་མཁོར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཝུའུ་ཁི་ལན་ལ་བསམ་བློའི་ཐད་ཀྱི་རྒྱབ་སྐྱོར་མཁོ་བར་མ་ཟད། གྲོས་ཁང་གིས་ཕྱི་ཕྱོགས་ཀྱི་ལག་རྩལ་དང་དམག་དོན་རོགས་སྐྱོར་ལ་བསམ་བློ་གཏོང་རྒྱུའི་གྲོས་གཞི་བཏོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག