མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ལོན་ཏོན་ནས་ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་གྱི་ནང་དོན་ཞིབ་མོར་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-12 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། ཟླ3པའི་ཚེས11ཉིན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཀྱིས་ལོན་ཏོན་ནས་གྲོས་མོལ་བྱས་ཏེ། ཨུ་རུ་སི་རྒྱལ་ཁབ་ཀྱི་རྒྱུ་ནོར་ཉར་འཇོག་བྱེད་པ་དང་ལམ་ཡིག་སྟེར་བར་བཀག་འགོག་བྱེད་པ་སོགས་ཀྱི་བཀག་སྡོམ་བྱེད་ཐབས་ཀྱི་ནང་དོན་ཞིབ་རྒྱས་ལ་གྲོས་བསྡུར་བྱས། 

 དེའི་སྔོན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་བསྟན་དོན། གལ་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཐད་ནས་གྲོས་མོལ་བྱེད་རྒྱུ་དང་ལེན་མ་བྱས་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་ཉིན་འགའི་ནང་ཨུ་རུ་སིའི་དཔལ་འབྱོར་དང་ཉོ་ཚོང་ཐད་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། ཐེངས་འདིའི་གྲོས་མོལ་ལ་ད་རུང་ཨ་མེ་རི་ཁའི་ཆེད་མངག་འཐུས་མི་ཡང་ཞུགས་ཡོད། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྟན་དོན། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོ་བར་དང་། ཁྱད་པར་དུ་དབྱིན་ཇིའི་བར་དངུལ་ལོར་དང་ནུས་ཁུངས་ཀྱི་མཉམ་ལས་འབྲེལ་བ་ཟབ་མོ་ཡོད་ཅིང་། གལ་ཏེ་གནད་དོན་དེ་གཉིས་ལ་གཏོར་བརླག་ཐེབས་ན་ཨུ་རུ་སི་མ་ཟད་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོར་ཡང་གྱོང་གུད་ཚབས་ཆེན་འབྱུང་སྲིད་པས། དཔལ་འབྱོར་བཀག་སྡོམ་གྱི་སྲིད་ཇུས་འདོན་པའི་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་དེ་ཨ་མེ་རི་ཁ་ལས་དལ་བའི་རྒྱུ་རྐྱེན་གཙོ་བོ་ཡང་དེར་ཐུག་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག