མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་གྲོས་དཔོན་གྱིས་ཁི་ལི་མུས་ཡཱ་ལ་དམག་དོན་འགུལ་སྐྱོད་སྤེལ་མི་སྲིད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-12 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཚེས11ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རང་ཉིད་ཀྱི་ཤར་ཕྱོགས་མཐའ་མཚམས་ཀྱི་འགོག་སྲུང་ནུས་པ་མི་མངོན་པའི་ཆེད་དུ་ཝུའུ་ཁི་ལན་གྱིས་ཁི་ལི་མུས་ཡཱའི་རང་བཙན་ལ་བཀག་འགོག་བྱེད་པར་དམག་དོན་འགུལ་སྐྱོད་སྤེལ་མི་སྲིད་ཟེར།

ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་ཁི་ལི་མུས་ཡཱ་ལ་དམག་དོན་འགུལ་སྐྱོད་སྤེལ་མི་རུང་བ་དང་། རྒྱུ་མཚན་ནི་དེ་ལྟར་བྱས་ན་ཤར་ཕྱོགས་ཀྱི་མཐའ་མཚམས་གནས་ཚུལ་གསལ་རྗེན་དུ་བྱས་སྟབས་ཝུའུ་ཁི་ལན་ལའང་སྲུང་སྐྱོབ་བྱེད་ཐབས་མེད། ཁོ་ཚོས་བཤད་པའི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་དེ་ཁི་ལི་མུས་ཡཱ་ནས་འབྱུང་སྲིད་ལ། ཁི་ལི་མུའུ་ལིན་ཕོ་བྲང་ནས་འབྱུང་སྲིད་ཟེར།

དེ་ལས་གཞན་བཅར་འདྲི་བྱེད་སྐབས་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སིའི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་མགོ་ཁྲིད་པར་གྲོས་མོལ་བྱེད་རྒྱུ་དང་ལེན་མ་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག