མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམག་དཔུང་གིས་ཕོ་ལན་དུF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཁ་སྣོན་བྱས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ལ་ཁ་གཏད་འཇལ་རྒྱུ་ཐག་བཅད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-11 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་ཡིས་མི་འགྱངས་པར་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁས་ཝུའུ་ཁི་ལན་དང་ཨུ་རུ་སི་ལ་འདབས་འབྲེལ་དུ་གནས་པའི་ཕོ་ལན་རྒྱལ་ཁབ་ཏུF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཁ་སྣོན་བྱས་ཏེ། སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་ཝུའུ་ཁི་ལན་གྱི་གནས་བབ་ལ་ཁ་གཏད་འཇལ་རྒྱུ་ཐག་བཅད།

ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་བོ་ལོན་གྱིས་ཚེས་བཅུ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཕྱིན་ཆད་ཀྱི་ཉིན་འགའ་དང་གཟའ་འཁོར་འགའི་ནང་། ཨ་མེ་རི་ཁའི་དམག་དཔུང་གིས་ཕོ་ལན་དུF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མང་བོ་ཁ་སྣོན་བྱེད་རྒྱུ་ཡིན་པ་དང་། མིག་སྔར་ཕྱོགས་གཉིས་ཀྱིས་ད་རུང་འཐབ་འཛིང་གནམ་གྲུ་ག་ཚོད་མངག་གཏོང་བྱེད་པའི་ཁ་གྲངས་གཏན་འཁེལ་བྱས་མེད་ཟེར།

བོ་ལོན་གྱིས་བཤད་རྒྱུར། ཟླ་གསུམ་པའི་ཚེས་དགུ་ཉིན། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་དང་ཕོ་ལན་གྱི་རྒྱལ་སྲུང་བློན་ཆེན་ཞེ་མའོ་ནེ་ཡཱ་ཁི་གཉིས་ཀྱིས་ཕན་ཚུན་ཁ་པར་གཏོང་སྐབས་ཞེ་མའོ་ནེ་ཡཱ་ཁི་ཡིས་ཨ་མེ་རི་ཁའི་དམག་དཔུང་གིས་ཕོ་ལན་དུ་འཐབ་འཛིང་གནམ་གྲུ་ཁ་སྣོན་བྱས་པར་བཀའ་དྲིན་ཞུས།

ཨ་མེ་རི་ཁ་དང་ཕོ་ལན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཁ་པར་བཏང་རྗེས། ཕོ་ལན་རྒྱལ་སྲུང་པུའུ་ཡིས་སྤྱི་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའིF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཅུ་གཉིས་དང་དཔོན་དམག་སུམ་བརྒྱ་ཕོ་ལན་དུ་འགྲོ་བཞིན་ཡོད་པ་དང་། ཅང་མི་འགོར་བར་ཕོ་ལན་གྱི་མཁའ་དམག་དང་མཉམ་དུ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྩིས་ཡོད་ཟེར།

ཉིས་སྟོང་བཅུ་གཉིས་ལོར་ཨ་མེ་རི་ཁའི་མཁའ་དམག་གི་ཡན་ལག་རུ་ཁག་ཕོ་ལན་དུ་བཅའ་སྡོད་བྱས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ་རྒྱུན་ལྡན་གྱི་ལས་འགན་ལག་བསྟར་བྱས། ཟླ་གསུམ་པའི་ཚེས་གཅིག་ཉིན་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་དུ་དམག་མི་མངག་གཏོང་བྱེད་རྒྱུ་ཐག་བཅད་རྗེས། ཨ་མེ་རི་ཁ་དང་ཕོ་ལན་གྱིས་དམག་དོན་སྦྱོང་བརྡར་སྔ་སྣུར་བྱེད་རྒྱུ་དང་། སྐྱེལ་འདྲེན་གནམ་གྲུ་དང་འཐབ་འཛིང་གནམ་གྲུ་སོགས་དམག་དོན་སྦྱོང་བརྡར་སྐབས་བཀོལ་རྒྱུའི་ཐག་བཅད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག