མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁར་གྲོས་གཞི་བཏོན་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-11 11:18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུའི་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁར་གྲོས་གཞི་རབ་དང་རིམ་པ་བཏོན་ནས། ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། གྲོས་མོལ་དེ་བརྙན་འཕྲིན་ལས་བརྒྱུད་གཏོང་བྱས་པ་རེད།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཕུའུ་ཅིན་ལ་བཤད་རྒྱུར། ཨུ་རུ་སིའི་ཝུའུ་ཁི་ལན་ཉམས་ཉེན་གྱི་ལངས་ཕྱོགས་ཐད་ནས་ནུབ་ཕྱོགས་རྒྱལ་ཁབ་བར་འགལ་བ་ཡོད་པ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཨུ་རུ་སི་རྒྱལ་ཁབ་ཏུ་ཡོང་ནས་གྲོས་མོལ་ཞིབ་ཏུ་བྱེད་པར་ཁས་ལེན་མ་བྱས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཁི་ལེ་ཡིས་སྤྲད་པའི་གྲོས་གཞི་དེར་ང་ཚོ་དེ་འདྲའི་ཡིད་ཚིམ་པ་ཞིག་མིན་ཟེར།

དེ་ལས་གཞན་ཕྱི་འབྲེལ་དཔོན་པོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུའི་ཉིན་ཡང་བསྐྱར་གསང་བའི་གྲོས་ཚོགས་བསྡུས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་གྲོས་བསྡུར་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག