མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁཱ་མེ་ལུང་དང་མའོ་ཁི་ཨར་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-11 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་གིས་ཚེས་བཅུའི་ཉིན་བསྟན་དོན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་རྒྱལ་ཁབ་དེ་དག་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་དགོས་པའི་རེ་བ་བཏོན།

དབྱིན་ཇིའི་བཞུགས་བློན་ཆེན་གྱི་བཞུགས་ཤག་གི་མགྲིན་ཚབ་པས་བཤད་རྒྱུར། ཁཱ་མེ་ལུང་ཚེས་དགུའི་ཉིན་འཇར་མན་ནས་ཉིས་སྟོང་བཅུ་བཞི་ལོའི་ཧན་ནོའུ་ཝེ་འཕྲིན་གཏོང་དང་བརྡ་འཕྲིན་ལག་རྩལ་གྱི་འགྲེམ་སྟོན་ཚོགས་འདུར་ཞུགས་སྐབས། མའོ་ཁི་ཨར་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་རྒྱལ་ཁབ་གཞན་པའི་བར་གྱི་འབྲེལ་བ་སོགས་གནད་དོན་ཐད་ནས་བརྗེ་རེས་བྱས།

ཕྱོགས་གཉིས་ཀྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་གྲོས་མཐུན་བཀོད་པ་ལ་བརྟེན་ནས་རྒྱལ་ཁབ་དེ་དག་བར་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་པར་འདོད།

དེ་ལས་གཞན་ཁཱ་མེ་ལུང་དང་མའོ་ཁི་ཨར་གཉིས་ཀྱིས་ད་རུང་བསྟན་དོན། ཕྱོགས་གཉིས་ཀྱིས་མཉམ་དུ་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་རང་དབང་ཉོ་ཚོང་གྲོས་མོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ད་ལོར་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཁཱ་མེ་ལུང་དང་མའོ་ཁི་ཨར་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བྱེད་ཐབས་སྤྱད་དེ་སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་གྱི་བརྟན་འཇགས་དང་དཔལ་འབྱོར་གནས་བབ་ལ་རོགས་རམ་བྱེད་པའི་བྱེད་ཐབས་ལ་ཞིབ་འཇུག་བྱེད་རྒྱུར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག