མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གནས་སྐབས་སྲིད་གཞུང་གི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་གཟའ་འཁོར་གཅིག་གི་ནང་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁའི་ཕྱོགས་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཡཱ་ཚེ་ཉིག་ཁི་ཡིས་བཤད་རྒྱུར། ང་རང་ཨ་མེ་རི་ཁར་སོང་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

དེའི་སྔོན་བསྒྲགས་པ་ལྟར་ན། ཡཱ་ཚེ་ཉིག་ཁི་ཡིས་ཟླ3པའི་ཚེས6ཉིན་ཁོས་ལས་འགན་ཁུར་བའི་ཚུན་གྱི་བཅར་འདྲི་ཐོག་མ་དང་ལེན་བྱེད་སྐབས་ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁར་དམག་དོན་རོགས་སྐྱོར་འཚོལ་ཞིབ་བྱེད་པའི་གནས་ཚུལ་དེ་ཁས་ལེན་མ་བྱས་པ་དང་། ཁོས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་སྤྱིའི་ཉམས་ཉེན་བཟོས་པར་སྐྱོན་འཛུགས་བྱས་པར་མ་ཟད། ཨུ་རུ་སི་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པར་བཙན་འཛུལ་བྱེད་མིན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག