མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལི་མུས་ཡཱའི་གྲོས་དཔོན་གྱིས་གསལ་སྒྲོག་སྤེལ་ཏེ་ཝུའུ་ཁི་ལན་ས་ཁུལ་ཏང་གི་ས་གནས་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 11:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་དཔོན་ཁང་སི་ཐན་ཏེན་ནོའུ་ཧྥུའུ་ཡིས་ཚེས9ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་ས་ཁུལ་ཏང་གི་ཁི་ལི་མུས་ཡཱ་ས་གནས་ལས་ཁུངས་ལ་མིག་སྔར་ཁོས་མགོ་ཁྲིད་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་ཁང་སི་ཐན་ཏེན་ནོའུ་ཧྥུའུ་ཡིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། ཝུའུ་ཁི་ལན་ས་ཁུལ་ཏང་ཁི་ལི་མུས་ཡཱ་སྤྱི་མཐུན་རྒྱལ་ཁབ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར་དུ། ཁོས་ཏང་ཁག་དེའི་ཁི་ལི་མུས་ཡཱ་ས་གནས་ཀྱི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་ཟེར།

དོན་དེའི་ཐད་ནས་ཝུའུ་ཁི་ལན་ས་ཁུལ་ཏང་གིས་རྣམ་འགྱུར་ཅི་ཡང་བསྟན་མེད།

དེ་ལས་གཞན་གསལ་སྒྲོག་དེ་ལས་བཤད་རྒྱུར། ཁང་སི་ཐན་ཏེན་ནོའུ་ཧྥུའུ་ཡིས་ཁི་ལི་མུས་ཡཱ་ས་ཁུལ་ཏང་གི་ཏང་ཡོན་ཚང་མ་ཟླ་འདིའི་ཚེས16ཉིན་སྤེལ་རྒྱུ་ཡིན་པའི་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་ལ་ཞུགས་དགོས་པའི་འབོད་སྐུལ་བཏང་། ཁོས་ས་ཁུལ་ཏང་གི་ཏང་ཡོན་དག་གིས་རང་ཉིད་ཀྱི་འགུལ་སྐྱོད་ཁྲོད་ཐོག་མར་ཁི་ལི་མུས་ཡཱ་མི་དམངས་ཀྱི་ཁེ་ཕན་ལ་བརྩི་འཇོག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག