མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱིས་འདེམ་བསྐོའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་བར་ཆབ་སྲིད་མཉམ་འབྲེལ་གྱི་གྲོས་ཆོད་འགོད་རྒྱུའི་འཆར་གཞི་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱིས་ཚེས9ཡི་ཉིན་བསྟན་དོན། རྒྱལ་ཁབ་སྔར་བཞིན་ཟང་ཟིང་གི་འཁྲུག་རྩོད་ཁྲོད་ལྷུང་ཡོད་ཀྱང་། ཝུའུ་ཁི་ལན་གྱིས་ཟླ་འདིའི་ཟླ་སྨད་ཙམ་ལ་གལ་ཆེ་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་མཐུན་བཀོད་དེ་ཡོ་རོབ་གླིང་མནའ་འབྲེལ་བར་སྔར་ལས་མཉམ་འབྲེལ་བྱེད་ཐུབ་པར་རེ་བ་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཏའེ་ཞི་ཅི་ཐིས་ཡཱ་ཡིས་ཝུའུ་ཁི་ལན་གྱི་གཅིག་སྣོན་གཅིག་བརྙན་འཕྲིན་ཁང་ལ་འཚམས་འདྲི་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་བར་ཆབ་སྲིད་མཉམ་འབྲེལ་བྱེད་པའི་གྲོས་མཐུན་དེ་ཟླ་འདིའི་ཚེས17ཉིན་ནས་ཚེས20ཡི་ཉིན་བར་འགོད་ཐུབ་ངེས་རེད་ཟེར།

ཝུའུ་ཁི་ལན་གྱི་སྲིད་གཞུང་གསར་བས་དེའི་སྔོན་བཤད་རྒྱུར། ཟླ5བའི་ཚེས25ཉིན་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་མ་སྤེལ་གོང་ཡོ་རོབ་གླིང་མནའ་འབྲེལ་བར་ཆབ་སྲིད་གྲོས་མཐུན་འགོད་པའི་འཆར་གཞི་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་བཤད་པ་ལྟར་ན། གྲོས་མཐུན་འགོད་པའི་དུས་ཚོད་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ཟླ3པའི་ཚེས17ཉིན་བསྡུ་རྒྱུ་ཐག་བཅད་ཡོད་པའི་གྲོས་ཚོགས་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་གཙོ་འཛིན་དག་གིས་ཟླ་འདིའི་ཚེས20ཉིན་ནས་ཚེས21ཉིན་བར་བསྡུ་བར་གཏན་འཁེལ་བྱས་པའི་མཐོ་རིམ་གྲོས་ཚོགས་སྐབས་སུ་འཁེལ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག