མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཡོ་རོབ་གླིང་གི་རྒྱལ་ཁབ་དྲུག་དང་མཉམ་དུ་ཨུ་རུ་སིའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས8ཉིན་དབྱིན་ཇི་དང་ཧྥ་རན་སི། དབྱི་ཐཱ་ལེ་བཅས་འདུས་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་དྲུག་གི་མགོ་ཁྲིད་པར་ཁ་པར་བཏང་སྟེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ནས་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་། ཨུ་རུ་སིའི་ཕྱོགས་ཀྱིས་ཁི་ལི་མུས་ཡཱ་རུ་གྲོས་མཐུན་གྱི་ནང་དོན་དང་འགལ་བའི་དམག་དཔུང་བཀོད་སྒྲིག་བྱས་ཡོད་པ་ཁས་ལེན་མ་བྱས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་བར་འདྲ་མཉམ་གྱིས་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཨོ་པཱ་མཱ་ཡིས་ཚེས8ཉིན་སོ་སོར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི། དབྱི་ཐཱ་ལེའི་ཙུང་ལི་ལུང་ཆི་བཅས་ལ་ཁ་པར་བཏང་བར་མ་ཟད། ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་པེར་ཅིན་ཧྲི་དང་ལི་ཐའོ་ཝན་གྱི་ཙུང་ཐུང་ཀི་ལི་པའོ་སི་ཁའེ་ཐི། ཨེ་སོ་ནི་ཡཱའི་ཙུང་ཐུང་དབྱེ་ཨར་ཝེ་སི་བཅས་དང་ཁ་པར་གྲོས་ཚོགས་བསྡུས།

གནས་སྐབས་སྲིད་གཞུང་གི་རྒྱབ་སྐྱོར་མཁན་གྱིས་ཚེས9ཡི་ཉིན་ཅི་ཧྥུའུ་དང་ཞིན་ཧྥེ་ལོ་པའོ་ཨར། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་ཡོད་སའི་སེ་ཝ་སི་ཐའོ་པའོ་ཨར་སོགས་ས་ཁུལ་ནས་འདུ་ཚོགས་བསྡུས་ཏེ། སྙན་ངག་པ་ཧྲི་ཕུའུ་ཆིན་ཁི་སྐུ་འཁྲུངས་པའི་ཉིན་མོར་རྗེས་དྲན་ཞུས་ནས་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན།

ཨུ་རུ་སི་ལ་བློ་ཉེ་བའི་མང་ཚོགས་ཀྱིས་ཀྱང་འདུ་ཚོགས་བསྡུས། བསྟུན་མར་ཉིན་འགའི་རིང་ལ། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཨུ་རུ་སི་ལ་བློ་ཉེ་བའི་མང་ཚོགས་ཀྱིས་ཏོན་ནེ་ཚི་ཁི་དང་། ཧཱ་ཨར་ཁི་ཧྥུའུ། ཏིས་ནེ་པའོ་ལོ་ཕིས་ཏི་ལོ་ཧྥུའུ་སི་ཁི་སོགས་ས་ཆར་འདུ་ཚོགས་བསྡུས་ཏེ། ཁི་ལི་མུས་ཡཱ་ལ་ལད་མོ་བྱས་ཏེ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་མིན་ལ་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་དགོས་པའི་རེ་བ་བཏོན། ཨུ་རུ་སི་ལ་བློ་ཉེ་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་རེ་འགའ་དང་གནས་སྐབས་སྲིད་གཞུང་གི་རྒྱབ་སྐྱོར་མཁན་བར་ཚེས་དགུའི་ཉིན་འཁྲུག་རྩོད་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག