མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཕུའུ་ཅིན་ལ་ཡང་བསྐྱར་ཁ་པར་བཏང་སྟེ་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་དེ་ཁྲིམས་དང་འགལ་ཡོད་པ་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གྲོས་ཁང་གོང་ཞོལ་གཉིས་ཀྱི་ཀྲུའུ་ཞིས་ཚེས་བདུན་ཉིན་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱའི་གྲོས་ཁང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་རེ་བ་བཏོན་པ་དང་དོན་དེར་དམངས་ཡོངས་ཀྱིས་བརྡས་གཅོད་བྱེད་རྒྱུ་ཐག་བཅད་པར་རྒྱུས་ལོན་བྱེད་ཐུབ་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཁི་ལི་མུས་ཡཱའི་མི་དམངས་ཀྱི་གདམ་གསེས་ལ་བརྩི་འཇོག་བྱེད་རྒྱུ་ཡིན་ཟེར།

 ཚེས་བདུན་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཡང་བསྐྱར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། དེ་ནི་ཕྱོགས་གཉིས་ཀྱིས་གཟའ་འཁོར་གཅིག་གི་ནང་ཐེངས་གཉིས་པར་ཁ་པར་གྲོས་མོལ་བྱས་པ་རེད།

དུས་ཚོད་གཅིག་ལྷག་འགོར་ཡོད། ཨོ་པཱ་མཱ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཝུའུ་ཁི་ལན་གྱི་འགུལ་སྐྱོད་དེ་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་འགལ་དུ་སོང་ཡོད་པ་དང་། དེའི་དབང་གིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ཟེར། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བར་ཝུའུ་ཁི་ལན་གྱི་གནད་དོན་དབང་གིས་གནོད་པ་ཐེབས་མི་རུང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག