མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱིས་བཀའ་རྒྱ་བཏང་སྟེ་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱི་བརྡས་གཅོད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ལས་འགན་ལག་བསྟར་བྱེད་པའི་གྲོས་དཔོན་ཐུའུ་ཨར་ཅི་ནོའུ་ཧྥུའུ་ཡིས་ཚེས་བདུན་ཉིན་བཀའ་རྒྱ་བཏང་སྟེ། ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས6ཉིན་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ་མཚམས་འཇོག་དགོས་པའི་རེ་བ་བཏོན།

བཀའ་རྒྱ་ལས་བཤད་རྒྱུར། ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གི་ཆོད་དོན་དེ་ཝུའུ་ཁི་ལན་གྱི་རྩ་ཁྲིམས་དང་འགལ་ཡོད་ཟེར། རྩ་ཁྲིམས་ལྟར་ན། ཝུའུ་ཁི་ལན་གྱིས་མངའ་ཁོངས་ཡོངས་ཀྱི་བདག་དབང་བཟུང་ཡོད་པ་དང་ད་ལྟའི་ཝུའུ་ཁི་ལན་གྱི་མངའ་ཁོངས་ནི་ཆ་ཚང་ཞིང་གཞན་གྱིས་གནོད་མི་རུང་བ་ཞིག་ཡིན། ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ནི་ཝུའུ་ཁི་ལན་གྱི་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་དང་། ཝུའུ་ཁི་ལན་གྱི་མངའ་ཁོངས་ཀྱི་བདག་དབང་བསྒྱུར་བའི་འབྲེལ་ཡོད་གནད་དོན་དེ་ངེས་པར་དུ་ཝུའུ་ཁི་ལན་གྱི་དམངས་ཡོངས་ཀྱིས་བརྡས་གཅོད་བྱས་ཏེ་ཐག་གཅོད་བྱེད་དགོས་ཟེར། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས་དྲུག་ཉིན་གྲོས་ཆོད་བཀོད་དེ། ཁི་ལི་མུས་ཡཱ་རྒྱལ་ཕྲན་མཉམ་འབྲེལ་གྱི་གཙོ་ཤུགས་ཐོབ་ཐང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས་པ་དང་། སྤྱི་མཐུན་རྒྱལ་ཁབ་དེའི་གོ་གནས་ལ་འབྲེལ་བའི་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་དེ་ཟླ་འདིའི་ཚེས་སུམ་ཅུ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་སྔ་སྣུར་བྱེད་རྒྱུ་ཐག་བཅད་པ་རེད། ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཁི་ལི་མུས་ཡཱའི་གྲོས་ཁང་གི་ཆོད་དོན་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། ཝུའུ་ཁི་ལན་གྲོས་ཁང་གིས་ཁི་ལི་མུས་ཡཱའི་གྲོས་ཁང་གཏོར་བའི་གྲོས་གཞི་འདོན་རྒྱུ་ཡིན་ཟེར།

 ཨུ་རུ་སིའི་གྲོས་ཁང་གོང་ཞོལ་གཉིས་ཀྱི་ཀྲུའུ་ཞིས་ཚེས་བདུན་ཉིན་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱའི་གྲོས་ཁང་གིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ནང་ཞུགས་པའི་རེ་བ་བཏོན་པ་དང་དོན་དེར་དམངས་ཡོངས་ཀྱིས་བརྡས་གཅོད་བྱེད་རྒྱུ་ཐག་བཅད་པར་རྒྱུས་ལོན་བྱེད་ཐུབ་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཁི་ལི་མུས་ཡཱའི་མི་དམངས་ཀྱི་གདམ་གསེས་ལ་བརྩི་འཇོག་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ནཱ་ལོས་ཧྲི་ཅིན་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི་གཉིས་ཀྱིས་ཚེས7ཉིན་མའོ་སི་ཁི་ནས་སྔ་གཞུག་ཏུ་ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་དཔོན་ཁང་སི་ཐན་ཏེན་ནོའུ་ཧྥུའུ་ཡིས་ཁྲིད་པའི་གྲོས་ཁང་གི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག