མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་བྲེལ་མྱུར་གྲོས་མོལ་བསྡུས་ཏེ་གྲོས་མོལ་ལ་ཡར་སྐུལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས6ཉིན་པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་དམིགས་བསལ་གྱི་མཐོ་རིམ་གྲོས་ཚོགས་བསྡུས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ཀྱིས་གྲོས་མོལ་ལ་བརྟེན་ནས་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་བར་མ་ཟད།

 ཞོར་དུ་གལ་ཏེ་ཨུ་རུ་སིའི་ཕྱོགས་ཀྱིས་ཕྱི་འབྲེལ་ལ་བརྟེན་ནས་ཐག་གཅོད་པའི་ཇུས་གཞི་དང་ལེན་མ་བྱས་ན་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུའི་ཉེན་བརྡ་བཏང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་བཤད་རྒྱུར། ང་ཚོས་ངེས་པར་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་གྲོས་མོལ་བྱེད་པར་འགན་སྲུང་བྱེད་དགོས་ཟེར། ཁོས་བལྟས་ན་གནད་འགག་ནི་ཨུ་རུ་སིའི་ཕྱོགས་ལ་ཁི་ལི་མུས་ཡཱའི་གནས་བབ་ནི་ཀུན་གྱིས་དང་ལེན་བྱེད་ཐབས་མེད་ལ་དེར་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པའི་བརྡ་གཏོང་དགོས་པར་འདོད། ཕྱི་འབྲེལ་དཔོན་པོ་རེ་འགས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱ་བཙན་བཟུང་བྱས་པར་རྒོལ་གཏམ་བཏང་བ་དང་། གནས་སྐབས་སུ་ཕན་ཚུན་བར་ལམ་ཡིག་མེད་པར་བཟོ་བ་དང་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མོལ་མཚམས་འཇོག་རྒྱུ་ཡིན་ཟེར། ཞོར་དུ་གལ་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་གང་མགྱོགས་ཀྱིས་བར་འདུམ་དང་ལེན་མ་བྱས་ན་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་སྤྱོད་སྲིད་པའི་ཉེན་བརྡ་བཏང་ཟེར། ལུའུ་ཐིག་གསར་འགྱུར་ཁང་གིས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་ཡོ་རོབ་གླིང་གི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་རྒྱལ་ཁབ་དང་པོ་ཡིན་པའི་ཨུ་རུ་སི་ལ་དཔེར་མཚོན་ཙམ་གྱི་བཀག་སྡོམ་བྱེད་ཐབས་མ་གཏོགས་སྤྱོད་མི་སྲིད་པ་དང་། དེའི་རྒྱུ་མཚན་ནི་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་ཕྱོགས་ཀྱིས་ཉོ་ཚོང་ཐད་ནས་འཁོན་ལན་སློག་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་པས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག