མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་ཁེ་ལན་གྱིས་ཁ་ལེ་མེ་ཡའི་གྲོས་ཚོགས་ཁང་གིས་དམངས་ཡོངས་འདེམས་ཤོག་འཕེན་རྒྱུའི་གཏན་འབེབས་ཀྱི་ནུས་པ་མེད་པར་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་ཁེ་ལན་གྱི་ཙུང་ཐུང་ལས་ཚབ་གནང་མཁན་གྲོས་དཔོན་ཐུར་ཆི་ནོ་ཧྥུས་སྤྱི་ཚེས7ཉིན་བཀའ་རྒྱར་མིང་རྟགས་བཀོད་ནས། ཁ་ལེ་མེ་ཡ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཁང་གིས་སྤྱི་ཚེས6ཉིན་བྱས་པའི་དམངས་ཡོངས་ནས་འདེམས་ཤོག་འཕེན་པའི་སྐོར་གྱི་གཏན་འབེབས་ཀྱི་ནུས་པ་མེད་པར་བཟོས་ཡོད་པ་རེད།

བཀའ་རྒྱའི་ནང་། ཁ་ལེ་མེ་ཡ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཁང་གི་གཏན་འབེབས་དེ་ཨུ་ཁེ་ལན་རྩ་ཁྲིམས་ཀྱི་རྩ་དོན་རབ་དང་རིམ་པ་ལས་འགལ་ཡོད། རྩ་ཁྲིམས་ལ་གཞིགས་ན། ཨུ་ཁེ་ལན་གྱི་བདག་དབང་དེ་མངའ་ཁོངས་ས་ཆ་ཡོངས་ལ་ཁྱབ་ཡོད་པ་དང་། ད་ལྟ་ཡོད་པའི་ཨུ་ཁེ་ལན་གྱི་མངའ་ཁོངས་ས་ཆ་ནི་ཆ་ཚང་བ་དང་བརྩན་གནོད་བྱེད་མི་ཆོག་པ་ཞིག་ཡིན། ཁ་ལེ་མེ་ཡ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ནི་ཨུ་ཁེ་ལན་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཨུ་ཁེ་ལན་གྱི་མངའ་ཁོངས་ས་ཆ་འགྱུར་བ་གཏོང་བ་དང་འབྲེལ་བ་ཡོད་པའི་གནད་དོན་ཡིན་ཕྱིན་ངེས་པར་དུ་ཨུ་ཁེ་ལན་ཡོངས་ཀྱི་དམངས་ཡོངས་ནས་འདེམས་ཤོག་འཕེན་ཏེ་ཐག་གཅོད་བྱེད་དགོས་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།  །ཨུ་ཁེ་ལན་གྱིས་ཁ་ལེ་མེ་ཡའི་གྲོས་ཚོགས་ཁང་གིས་དམངས་ཡོངས་འདེམས་ཤོག་འཕེན་རྒྱུའི་གཏན་འབེབས་ཀྱི་ནུས་པ་མེད་པར་བཟོས་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག