མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་མེ་ཤུགས་འཕུར་མདེལ་ཕྱིར་འབུད་དམག་གྲུབ་ཧ་ཧའེ་རྒྱ་མཚོའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-03-09 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་དམག་གི་དཔོན་དམག300བླུགས་པའི་ཨ་རིའི་དམག་གི་ཐེ་ལ་ཁ་སེ་ཏུན་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་ཕྱིར་འབུད་དམག་གྲུ་སྤྱི་ཚེས7ཉིན་གྱི་ཕྱི་དྲོ་ཐུར་ཁེའི་གྲོང་ཁྱེར་ཆེ་ཤོས་དབྱི་སེ་ཐན་པུར་གྱི་པོ་སེ་ཕུ་ལུ་སེ་མཚོ་འགག་བརྒྱུད་ནས་ཧ་ཧའེ་རྒྱ་མཚོའི་ཕྱོགས་སུ་བསྐྱོད་ཡོད་པ་དང་། ཨུ་ཁེ་ལན་གྱི་གནད་དོན་ཐད་ཨ་རི་དང་ཨུ་རུ་སུའི་འཐབ་རྩོད་སྔར་བས་ཤུགས་ཆེར་ཕྱིན་ཡོད་པ་རེད།

ཐུར་ཁེའི་ཏོ་ཨན་གསར་འགྱུར་ཁང་གིས། ཨུ་རུ་སུ་དང་། ཨུ་ཁེ་ལན། ཨ་རི་བཅས་ཀྱི་དམག་གྲུ་བཞི་གཟའ་འཁོར་གཅིག་ནང་སྔ་རྗེས་སུ་པོ་སེ་ཕུ་ལུ་སེ་མཚོ་འགག་བརྒྱུད་ནས་ཧ་ཧའེ་རྒྱ་མཚོའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་མ་ཟད། ཁག་སོ་སོར་རང་སོ་སོའི་དམག་དོན་ནང་སྦྱོང་གྲ་སྒྲིག་བྱེད་བཞིན་ཡོད་པས། ཨ་རི་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ཁ་ལེ་མེ་ཡའི་གནད་དོན་ཐད་ཕན་ཚུན་བཟོད་སྒོམ་མི་བྱེད་པའི་རྣམ་པ་བསྟན་པ་མངོན་ཡོད་ཅེས་བསྟན་ཡོད་པ་རེད།

པོ་སེ་ཕུ་ལུ་སེའི་མཚོ་འགག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ31ཡོད་པ་དང་། ཐུར་ཁེའི་མཚོ་འགྲམ་ཉེན་རྟོག་རུ་ཁག་གི་མྱུར་བགྲོད་གྲུ་གཟིངས་ཤིག་གིས་ཐོག་མཐའ་བར་གསུམ་དུ་ཨ་རིའི་དམག་གི་ཐ་ལེ་ཁེ་སེ་ཏུན་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་ཕྱིར་འབུད་དམག་གྲུར་སྲུང་སྐྱོབ་བྱས་ཡོད། ཨ་རིས་བྱ་སྤྱོད་དེ་ནི་འཆར་ཅན་གྱི་བཀོད་སྒྲིག་ཞིག་ཡིན་པ་དང་། ཨུ་ཁེ་ལན་གྱི་གནས་བབས་སྡུག་ཏུ་མ་ཕྱིན་གོང་ནས་གཏན་འཁེལ་བྱས་པ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད། དམག་གྲུ་དེ་སྔོན་དཔགས་བྱས་ན་གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཧ་ཧའེ་རྒྱ་མཚོའི་མཚོ་ཁོངས་སུ་འབྱོར་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག