མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱིས་བརྡས་གཅོད་དེ་ཝུའུ་ཁི་ལན་གྱི་རྩ་ཁྲིམས་དང་འགལ་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གིས་དམངས་ཡོངས་ཀྱིས་བརྡས་གཅོད་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ་དེ་ཝུའུ་ཁི་ལན་གྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་ཟེར།

ཨོ་པཱ་མཱ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་གསལ་སྒྲོག་སྤེལ་ཏེ། ཁི་ལི་མུས་ཡཱའི་མ་འོངས་པའི་ཐད་ནས་བཏོན་པའི་དམངས་ཡོངས་ཀྱི་བརྡས་གཅོད་དེ་ཝུའུ་ཁི་ལན་གྱི་རྩ་ཁྲིམས་ལ་འགལ་ཡོད་པར་མ་ཟད་རྒྱལ་སྤྱིའི་བཅའ་ཁྲིམས་ལའང་འགལ་ཡོད་ལ། ཝུའུ་ཁི་ལན་གྱི་མ་འོངས་པར་འབྲེལ་བའི་གྲོས་བསྡུར་གང་ཡིན་ཡང་ངེས་པར་དུ་ཝུའུ་ཁི་ལན་གྱི་ཁྲིམས་མཐུན་སྲིད་གཞུང་ལ་བརྩི་འཇོག་བྱེད་དགོས་ཟེར།

ཨོ་པཱ་མཱ་ཡིས་བཤད་རྒྱུར། ཁོས་ཉིན་དེར་བཀའ་རྒྱ་བཏང་སྟེ་ཁི་ལི་མུས་ཡཱ་ལ་ཐེ་གཏོགས་བྱེད་པའི་མི་སྒེར་དང་ཚོགས་ཁག་གི་ལམ་ཡིག་དང་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་ལ་བཀག་སྡོམ་བྱེད་རྒྱུའི་རེ་བ་བཏོན་ཡོད་ཟེར།

ཨོ་པཱ་མཱ་ཡིས་རྒྱལ་སྤྱིའི་ལྟ་ཞིབ་པ་ཁི་ལི་མུས་ཡཱ་རུ་སོང་ནས་ཨུ་རུ་སིའི་མི་དང་བཅས་པའི་ཝུའུ་ཁི་ལན་གྱི་མི་ཚང་མའི་ཁེ་དབང་ལ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། ཞོར་དུ་ད་རུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་མིག་སྔའི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་ཐད་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱའི་རྟེན་གཞིའི་ཁེ་དབང་ལ་སྲུང་སྐྱོབ་བྱས་ཆོག་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་འབྲེལ་ཡོད་ཀྱི་གྲོས་མཐུན་དང་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག