མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་གནས་བབ་དབང་གིས་ལམ་ཡིག་གནད་དོན་གྱི་གྲོས་མོལ་མཚམས་འཇོག་མི་རུང་བར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁཱ་ཧྲིན་ཝེ་ཆི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་གནས་བབ་དབང་གིས་ལམ་ཡིག་གནད་དོན་གྱི་གྲོས་མོལ་མཚམས་འཇོག་མི་རུང་ཟེར།

ཁོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་གནས་བབ་དབང་གིས་ཉེ་སྔོན་ཨུ་རུ་སིའི་བར་གྱི་ལམ་ཡིག་རང་དབང་ཅན་གྱི་གྲོས་མོལ་མཚམས་འཇོག་རྩིས་ཡོད་པར་བཤད་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དཀའ་བ་དང་། དེ་ནི་ཆབ་སྲིད་ཅན་ཞིག་དང་འཛུགས་སྐྲུན་རང་བཞིན་མེད་ལ། རྒྱུ་མཚན་མེད་པའི་ལངས་ཕྱོགས་ཤིག་ཡིན་པས། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པར་སྤྱི་དམངས་ཀྱིས་ཕན་ཚུན་གནས་སྐོར་བྱེད་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བའི་ད་ཡོད་ཀྱི་གྲོས་མཐུན་དང་འགལ་ཡོད་པ་མངོན་གསལ་རེད། ང་ཚོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱེད་ཐབས་དེ་ལག་བསྟར་མི་བྱེད་པར་རེ་བས་ཁེངས་ཡོད་ལ། དེ་ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་དག་གི་ཁེ་ཕན་དང་མི་འཚམ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག