མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པ་སྔར་བཞིན་ཐོག་མའི་གདམ་གསེས་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པ་རྣམས་ཚེས6ཉིན་པུའུ་ལུའུ་སེར་དུ་འཛོམས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིསས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པ་ནི་སྔར་བཞིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཐོག་མའི་གདམ་གསེས་ཡིན་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་གྲོས་མོལ་བྱས་རྗེས་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པ་དེས་ངེས་པར་དུ་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་རྨང་གཞིར་བྱས་ནས་རྒྱལ་སྤྱིའི་རྩ་དོན་བརྩི་སྲུང་ནན་མོ་བྱེད་དགོས་པ་བསྐྱར་སྒྲོག་བྱས། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་དགོས་པ་དང་། དེའི་ནང་ཝུའུ་ཁི་ལན་དང་ཨུ་རུ་སིའི་གྲོས་མོལ་འདུས་པར་མ་ཟད་ཕྱོགས་མང་བོའི་གྲོས་མོལ་ཡང་འདུས་ཡོད་ཟེར། གྲོས་མོལ་དེ་མ་འོངས་པའི་ཉིན་འགའི་ནང་མགོ་རྩོམ་དགོས་པ་དང་། དུས་ཚོད་ངེས་ཅན་ཞིག་གི་ནང་གྲུབ་འབྲས་ཐོན་པར་བྱེད་དགོས། དེ་ལྟ་མིན་ཚེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་རྒྱུ་ནོར་བཀག་ཉར་བྱེད་པ་དང་ལམ་ཡིག་མི་སྟེར་བ། ཡོ་རོབ་གླིང་དང་ཨུ་རུ་སིའི་མཐོ་རིམ་གྲོས་ཚོགས་མེད་པར་བཟོ་བ་སོགས་ཀྱི་བྱེད་ཐབས་གང་རུང་སྤྱོད་ངེས་ཡིན་ཟེར།

གསལ་སྒྲོག་ལས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་ལམ་ཡིག་མེད་པར་བཟོ་བའི་གྲོས་མོལ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག