མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ལ་བྲེལ་མྱུར་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 11:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཉིན་གྱི་མགོ་ཁྲིད་པས་ཚེས6ཉིན་གྱི་ཞོགས་པར་པུའུ་ལུའུ་སེར་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་ས་ཁུལ་དུ་དམག་དོན་བཀོད་སྒྲིག་བྱས་པའི་གནད་དོན་ཐད་ནས་གྲོས་བསྡུར་བྱས་པ་དང་། གནས་ཚུལ་དེ་ཐག་གཅོད་བྱེད་པའི་ཇུས་གཞི་ཐག་གཅོད་བྱེད་པར་སྟབས་བདེ་བཟོས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ལ་གྲོས་བསྡུར་བྱེད་སྐབས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སི་ལ་བཀག་སྡོམ་ནན་མོ་བྱེད་དགོས་པའི་རེ་བ་བཏོན་པ་དང་། འཇར་མན་གཙོ་བྱས་པའི་ཡོ་རོབ་གླིང་དབུས་ཤར་གྱི་རྒྱལ་ཁབ་ཁག་ཅིག་གིས་བར་འདུམ་གྱི་བྱེད་ཐབས་སྤྱོད་དགོས་པའི་འདོད་བློ་བཏོན་པ་རེད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་སུའེ་ཏེན་དང་ཕོ་ལན། དེ་མིན་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་དག་དང་མཉམ་དུ་ཁོངས་གཏོགས་རྒྱལ་ཁབ་གཞན་པར་ཁ་ཏ་བྱས་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱ་ས་ཁུལ་བཙན་བཟུང་བྱས་པའི་ཐད་དགོས་ངེས་ཀྱི་འགན་འཁྲི་དང་དུ་ལེན་དགོས་པའི་ཐད་ལྟ་ཚུལ་གཅིག་གྱུར་འབྱུང་དུ་འཇུག་འདོད་ཡོད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་བརྗོད་པའི་འགན་འཁྲི་དང་དུ་ལེན་པ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བར་ནུས་ཁུངས་ཐད་ནས་གྲོས་མཐུན་འགོད་མཚམས་འཇོག་པ་སོགས་དམིགས་སའི་རང་བཞིན་ལྡན་པའི་བཀག་སྡོམ་བྱེད་ཐབས་རེ་འགར་གོ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་བསྟན་དོན། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བྱེད་ཐབས་ནན་མོ་སྤྱད་ན། ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་གྲོས་མོལ་ལ་ཤུགས་རྐྱེན་ཐེབས་སྲིད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་བྱེད་ཐབས་ནན་མོ་སྤྱད་ན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཝུའུ་ཁི་ལན་གྱི་སྲིད་གཞུང་གསར་བར་ཆབ་སྲིད་དང་དཔལ་འབྱོར་ཐད་ནས་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཇེ་ཞན་དུ་འགྲོ་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག