མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཕཱ་རེ་སི་ནས་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-06 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་ཚེས5ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་གྲོས་མོལ་བྱས་པ་དང་། དེ་ནི་ཡཱ་ནོའུ་ཁི་ཝེ་ཆི་ཡི་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ལས་འགན་བླངས་རྗེས་ཐོག་དང་པོར་ཐད་ཀར་གྲོས་མོལ་བྱས་པ་རེད།

གྲོས་མོལ་དེ་ཕཱ་རེ་སི་རུ་ཡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་ནས་སྤེལ་བ་དང་། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་ཨུ་རུ་སིའི་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཁོ་དང་ཁི་ལེ་གཉིས་ཀྱིས་ངེས་པར་དུ་ཝུའུ་ཁི་ལན་གྱི་མི་ལ་རོགས་རམ་བྱས་ཏེ་ཟླ2པའི་ཚེས21ཉིན་ཝུའུ་ཁི་ལན་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་ཅི་ཧྥུའུ་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱེད་པར་འཐད་པ་བྱུང་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཁོ་ཁི་ལེ་དང་མཉམ་དུ་ཧྥ་རན་སིའི་ཕྱི་འབྲེལ་པུའུ་རུ་སོང་ནས་ཧྥ་རན་སི་དང་འཇར་མན། ཕོ་ལན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཟླ2པའི་ཚེས21ཉིན་ནི་ཧྥ་རན་སི་དང་འཇར་མན། ཕོ་ལན་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་ཅི་ཧྥུའུ་རུ་སོང་ནས། ཝུའུ་ཁི་ལན་གྱི་ཕྱོགས་ཁག་གཉིས་བར་ཅི་ཧྥུའུ་གྲོས་མཐུན་འགོད་པར་རོགས་རམ་བྱས་མྱོང་བ་རེད།

ཉིན་དེའི་དགོང་མོར་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི་ཡི་གཞུང་སྒྲུབ་ཁང་དུ་ཧྥ་པུས་ཡུག་སི་དང་ཁི་ལེ། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་བཅས་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་གྲོས་མོལ་བྱས།

ལཱ་ཧྥུའུ་ལོ་ཧྥུའུ་ཧྥ་རན་སིའི་ཕྱི་འབྲེལ་པུའུ་དང་འབྲལ་སྐབས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཚོགས་ཞུགས་མཁན་ཚང་མས་མིག་སྔའི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཁོ་དང་རྒྱལ་ཁབ་མང་བོའི་ཕྱི་འབྲེལ་བློན་ཆེན་གྱིས་མ་འོངས་པའི་ཉིན་འགའི་ནང་མུ་མཐུད་དུ་གནས་བབ་བརྟན་འཇགས་སུ་གཏོང་བའི་ཐད་ནས་གྲོས་བསྡུར་བྱས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཁྱད་སེལ་བྱེད་པར་འཐད་པ་བྱུང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག