མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་ཁྲིམས་ཁང་གིས་ཁི་ལི་མུས་ཡཱའི་ཙུང་ལི་དང་གྲོས་དཔོན་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-06 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ཁྲིམས་ཁང་གིས་ཚེས་ལྔ་ཉིན་ཁི་ལི་མུས་ཡཱའི་ཙུང་ལི་ཨ་ཁི་ཞའོ་ནོའུ་ཧྥུའུ་དང་གྲོས་དཔོན་ཁང་སི་ཐན་ཏེན་ནོའུ་ཧྥུའུ་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་།

ཝུའུ་ཁི་ལན་གྱི་སྤྱི་ཁྱབ་ཞིབ་དཔོན་ཁང་གསར་འགྱུར་ཁྲུའུ་ཡིས་བཤད་རྒྱུར། འབྲེལ་ཡོད་ཆོད་དོན་ནི་ཅི་ཧྥུའུ་ཡི་ཁྲིམས་ཁང་ཞིག་གིས་བཏོན་པ་ཡིན་པ་དང་། ཝུའུ་ཁི་ལན་གྱི་བདེ་འཇགས་ཅུའུ་ཡིས་ཨ་ཁི་ཞའོ་ནོའུ་ཧྥུའུ་དང་ཁང་སི་ཐན་ཏེན་ནོའུ་ཧྥུའུ་གཉིས་ཁྲིམས་ཁང་ལ་སྤྲད་དེ་བཀག་འཇུག་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཞིབ་དཔྱོད་དཔོན་པོ་ཚབ་མ་མཱ་ཧི་ནེ་ཚི་ཅི་ཡིས་བཤད་རྒྱུར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཨ་ཁི་ཞའོ་ནོའུ་ཧྥུའུ་དང་ཁང་སི་ཐན་ཏེན་ནོའུ་ཧྥུའུ་གཉིས་དང་བཅས་པའི་ཆབ་སྲིད་མི་སྣར་ཉེས་དོན་ཞུ་གཏུག་བྱས་ཡོད་ཟེར།

ཟླ2པའི་ཚེས27ཉིན། ཁི་ལི་མུས་ཡཱའི་གྲོས་ཁང་གིས་རྒྱུན་ལྡན་མིན་པའི་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སིའི་གཅིག་གྱུར་ཏང་གི་མགོ་ཁྲིད་པ་ཨ་ཁི་ཞའོ་ནོའུ་ཧྥུའུ་ཙུང་ལི་རུ་བསྐོ་འཇོག་བྱས་པར་མ་ཟད། ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཤུགས་རྒྱ་བསྐྱེད་པའི་ཐད་ནས་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་རྒྱུའི་ཐག་བཅད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག