མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་གི་རོགས་སྐྱོར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-06 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚེས5ཉིན་ཁྱབ་སྒྲོག་བྱས་དོན། ཕྱིན་ཆད་ཀྱི་ལོ་ངོ་གཉིས་ཀྱི་དུས་ཚོད་ནང་། ཝུའུ་ཁི་ལན་ལ་ཉུང་མཐར་ཡང་ཡོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་གི་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

པཱ་ལོ་ཙོ་ཡིས་བཤད་རྒྱུར། དེའི་ནང་ཡོ་སྒོར་ཐེར་འབུམ1དང་དུང་ཕྱུར་6ནི་བསྐྱིས་དངུལ་ཡིན་པ་དང་། ཡོ་སྒོར་ཐེར་འབུམ1དང་དུང་ཕྱུར4ནི་ཞལ་འདེབས་སུ་ཕུལ་བ་ཡིན་ལ། དེ་མིན་ཡོ་རོབ་གླིང་དངུལ་གཏོང་དངུལ་ཁང་གིས་ཡོ་སྒོར་ཐེར་འབུམ3གྱི་དངུལ་བུན་འདོན་སྤྲོད་བྱས་ཡོད།

ཨ་མེ་རི་ཁས་ཚེས4ཡི་ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་ལ་མེ་སྒོར་ཐེར་འབུམ1གི་དངུལ་བུན་འདོན་སྤྲོད་བྱེད་པའི་འཆར་གཞི་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག