མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བློ་འདོན་པར་ཁི་ལི་མུས་ཡཱ་ནས་འཇིགས་སྐུལ་ཐེབས་རྗེས་གནས་དེ་དང་བྲལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-06 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡཱ་སུང་གིས་ཚེས5ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཁི་ལི་མུས་ཡཱའི་གནས་ཚུལ་ལ་དཔྱད་འཇོག་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་བློ་འདོན་པ་སེ་ལི་ལ་ཉིན་དེར་དྲག་ཆས་མི་སྣའི་འཇིགས་སྐུལ་ཐེབས་པ་དང་། དེའི་རྗེས་སུ་ཁོ་རང་གནམ་གྲུར་བསྡད་དེ་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་ལོག་པ་རེད་ཟེར།

ཅི་ཧྥུའུ་རུ་འཚམས་འདྲི་བྱེད་བཞིན་པའི་ཨེ་ལེ་ཡཱ་སུང་གིས་ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ལ་ཁ་པར་བཏང་སྟེ་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྟེང་བཤད་རྒྱུར། སེ་ལི་ཡིས་ཉིན་དེར་ཁི་ལི་མུས་ཡཱའི་ལྟེ་གནས་གྲོང་ཁྱེར་ཞིན་ཧྥེ་ལོ་པའོ་ཨར་དུ་མཚོ་དམག་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་རྗེས་ཁ་འབྲལ་སྐབས། ཐོབ་ཐང་གསལ་བོར་མི་ཤེས་པའི་མི་སྐོར་ཞིག་གིས་མཐའ་བསྐོར་བ་དང་། མི་ལ་ལས་མཚོན་ཆ་བཟུང་ཡོད། མི་དེ་དག་གིས་སེ་ལི་ཁི་ལི་མུས་ཡཱ་དང་ཁ་འབྲེལ་དགོས་པའི་རེ་བ་བཏོན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། སེ་ལི་ཞིན་ཧྥེ་ལོ་པའོ་ཨར་ནས་ཅི་ཧྥུའུ་རུ་འཕུར་བའི་གནམ་གྲུར་བསྡད་དེ་ཉིན་དེའི་འཇིགས་སྐུལ་དོན་རྐྱེན་གྱིས་བར་ཆད་བཟོས་པའི་འཚམས་འདྲི་བྱ་བའི་རྒྱུན་བསྐྱངས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱི་བློ་འདོན་པ་ཡིན་པའི་ཆ་ནས་སེ་ལི་ཟླ་གཉིས་པའི་ཟླ་མཇུག་ལ་ཅི་ཧྥུའུ་རུ་འབྱོར་ནས་ས་དེའི་གནས་བབ་ལ་དཔྱད་འཇོག་བྱས་པར་མ་ཟད། ཨེ་ལེ་ཡཱ་སུང་གི་མངག་གཏོང་འོག་ཚེས་བཞི་ཉིན་ཁི་ལི་མུས་ཡཱ་རུ་འབྱོར་བ་རེད། སེ་ལི་ཡིས་སྔོན་ཆད་ཝུའུ་ཁི་ལན་དུ་སྡོད་པའི་ཧི་ལན་གྱི་གཞུང་ཚབ་ཆེན་མོའི་འགན་ཁུར་མྱོང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་པའི་འགན་ཡང་ཁུར་མྱོང་།

སེ་ར་རེ་ཨང་དུ་འཚམས་འདྲི་བྱེད་བཞིན་པའི་ཕན་ཅི་ཝུན་གྱིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཁོས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཞི་མིན་ནོའུ་ཝེ་ཆི་ཅི་ཧྥུའུ་དང་ཁི་ལི་མུས་ཡཱ་དང་བཅས་པའི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་མངག་གཏོང་བྱས་ཏེ། ས་དེའི་འགྲོ་མིའི་ཐོབ་ཐང་གི་གནས་ཚུལ་ལ་ལྟ་རྟོག་དང་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཐག་བཅད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག