མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་རྒྱལ་ཁབ་སོ་སོས་ཁྱིམ་ཚང་གི་ཞིང་ལས་ལ་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-06 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཏཱ་ཞི་ཨར་ཝ་ཡིས་རྒྱལ་ཁབ་སོ་སོས་ཁྱིམ་ཚང་གི་ཞིང་ལས་ལ་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཧང་ག་རིའི་ཞིང་ལས་འཕེལ་རྒྱས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་རོགས་སྒྲུབ་བྱས་པའི་ཁྱིམ་ཚང་གི་ཞིང་ལས་ཀྱི་འཛམ་གླིང་གླེང་སྟེགས་དང་འགྲེམ་སྟོན་ཚོགས་འདུ་པུའུ་ཏཱ་ཕའེ་སི་ནས་ཚོགས། ཏཱ་ཞི་ཨར་ཝ་ཡིས་གཏམ་བཤད་གལ་ཆེན་སྤེལ་ཏེ། རྒྱལ་ཁབ་མང་བོར་ཁྱིམ་ཚང་གི་ཞིང་ལས་ཐོན་སྐྱེད་མཁན་དང་ཉ་གསོ་མཁན། ནགས་སྲུང་། ཕྱུགས་ལས་པ། སྲོལ་རྒྱུན་དང་གཞིས་སྡོད་བའི་སྡོད་ཁུལ་ནི་འབྲུ་རིགས་བདེ་འཇགས་ཀྱི་གནད་འགག་ཡིན་པར་མ་ཟད། འཛམ་གླིང་སྟེང་ཆེས་ཉམས་ཞན་ཡིན་པའི་ཚོགས་ཁག་ཀྱང་ཡིན་ཟེར།

ཏཱ་ཞི་ཨར་ཝ་ཡིས་བཤད་རྒྱུར། རྒྱལ་ཁབ་གོ་གསུམ་གྱི་ཞིབ་འཇུག་གྲུབ་འབྲས་གསར་བ་ལྟར་ན། ཁྱིམ་ཚང་གི་ཞིང་རས་ཞིང་རའི་སྤྱི་གྲངས་ཀྱི་བརྒྱ་ཆའི་དགུ་བཅུའི་ཡན་ཟིན་ཡོད་ཅིང་། ཁྱིམ་ཚང་གི་ཞིང་རབས་གཙོ་བོ་འཛམ་གླིང་ཡོངས་ཀྱི་རྨོ་ཞིང་མང་ཤོས་བདག་ཏུ་བཟུང་ཡོད་པ་དང་། དེ་ནི་ད་ལྟའི་བར་འཛམ་གླིང་ཡོངས་ཀྱི་ལས་ཞུགས་ཀྱི་མགོ་ཁུངས་ཆེས་ཆེན་པོ་ཡིན་པར་མ་ཟད། འཛམ་གླིང་གི་ཞིང་ལས་སྐྱེ་དངོས་སྣ་མང་ཅན་དང་རང་བྱུང་ཐོན་ཁུངས་ཀྱི་སྲུང་སྐྱོབ་མཁན་ཡང་ཡིན་ཟེར། ཏཱ་ཞི་ཨར་ཝ་ཡིས་ནན་གྱིས་བསྟན་དོན། ཁྱིམ་ཚང་གི་ཞིང་རའི་བདག་པོར་ས་ཞིང་ཐོབ་སྐབས་བདེ་འཇགས་མིན་པའི་རྒྱུ་རྐྱེན་དང་ས་ཞིང་འཕྲོག་ལེན་གྱི་འཇིགས་ཉེན་ཐེབས་པར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས།

ཏཱ་ཞི་ཨར་ཝ་ཡིས་ད་རུང་ཚོགས་ཞུགས་མཁན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱི་ངག་འཕྲིན་བརྒྱུད་སྒྲོག་བྱས། ཕན་ཅི་ཝུན་གྱིས་བཤད་རྒྱུར། གཞི་རྒྱ་ཆུང་བའི་ཁྱིམ་ཚང་གི་ཞིང་རར་ཐན་པ་དང་ཆུ་ལོག་སོགས་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་བཞིན་ཡོད་ཟེར། ཁོས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་གཞི་རྒྱ་ཆུང་བའི་ཁྱིམ་ཚང་གི་ཞིང་རའི་བདག་པོར་རྒྱབ་སྐྱོར་བྱེད་པའི་ཞོར་དུ་སྤྱི་དང་མི་སྒེར་གྱི་དངུལ་བསྐྱི་མཁན་ལ་དངུལ་ལོར་གྱི་ཞབས་ཞུ་གལ་ཆེན་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག