མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇི་རྒྱལ་ཁབ་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཕཱ་རེ་སི་ནས་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-06 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇི་རྒྱལ་ཁབ་ཀྱིས་ཚེས5ཉིན་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཚབ་མ་ཏི་ཞེ་ཚི་ཡཱ་གཉིས་ཀྱིས་ཕཱ་རེ་སི་ནས་གྲོས་མོལ་བྱས་ཏེ། ཞི་བའི་སྒོ་ནས་ཁི་ལི་མུས་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་།

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་ཏི་ཞེ་ཚི་ཡཱ་གཉིས་ཀྱིས་གྲོས་མོལ་བྱས་རྗེས་བསྟན་དོན། ཚེས་ལྔ་ཉིན་གྱི་དམིགས་འབེན་ནི་ཨུ་རུ་སི་རྒྱལ་ཁབ་ཕྱི་འབྲེལ་གྱི་ལམ་དུ་ཞུགས་སུ་འཇུག་རྒྱུ་དེ་ཡིན་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཚེས་ལྔ་ཉིན་ཕཱ་རེ་སིའི་ཨེ་ལོས་ཧྲི་ཕོ་བྲང་ནས་བསྡུས་པའི་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས།

ཁི་ལེ་ཡིས་ཕཱ་རེ་སི་ནས་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཏི་ཞེ་ཚི་ཡ་ཡིས་ལཱ་ཧྥུའུ་ལོ་ཧྥུའུ་དང་ཐད་ཀར་གྲོས་མོལ་བྱེད་ཐུབ་མིན་མིག་སྔར་ད་རུང་གསལ་བོར་མི་ཤེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག