མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁི་ལི་མུས་ཡཱའི་སྲིད་གཞུང་གིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་མེ་སྒོར་ཐེར་འབུམ6གི་དཔལ་འབྱོར་རོགས་སྐྱོར་བྱེད་རྒྱུའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་དཔོན་གཞོན་པ་པུའུ་ཧྲི་མེན་གྱིས་ཚེས4ཡི་ཉིན་བསྟན་དོན། ཁི་ལི་མུས་ཡཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཕྱེད་གླིང་ལ་མེ་སྒོར་ཐེར་འབུམ6གི་དཔལ་འབྱོར་རོགས་སྐྱོར་བྱེད་དགོས་པའི་རེ་བ་བཏོན་པ་དང་། དེའི་ནང་མེ་སྒོར་ཐེར་འབུམ1གི་ནོར་སྲིད་རོགས་སྐྱོར་དང་མེ་སྒོར་ཐེར་འབུམ5ཡི་དངུལ་གཏོང་འདུས་ཟེར།

པུའུ་ཧྲི་མེན་གྱིས་བསྟན་དོན། ཁི་ལི་མུས་ཡཱའི་ནོར་སྲིད་པུའུ་ཡིས་དཔལ་འབྱོར་རོགས་སྐྱོར་གྱི་འཆར་གཞི་གཏན་འབེབས་བྱས་པ་དང་། མི་འགྱངས་པར་སྲིད་གཞུང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད་ཟེར།

དེའི་སྔོན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སིའི་སྲིད་གཞུང་གིས་ཝུའུ་ཁི་ལན་གྱིས་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་འབྲེལ་གཏུག་བྱེད་པའི་ཐད་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་བཅས་པའི་ཕྱི་རྒྱལ་གྱི་གྲོགས་པོ་དག་དང་མཉམ་དུ་ནོར་སྲིད་ཐད་ནས་ཅི་ཧྥུའུ་ལ་རོགས་སྐྱོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཏེ། ཁི་ལི་མུས་ཡཱ་ལ་རོགས་སྐྱོར་བྱེད་པའི་གནད་དོན་ལ་གྲོས་ཞིབ་བྱེད་རྒྱུའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག