མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་གཟིགས་སྐྱོང་སྲིད་ཇུས་ལྡན་པའི་སོལ་རླངས་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་ཐག་བཅད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་མུས་ལི་ཡིས་ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟི་ཡིས་ཟླ4བ་ནས་བཟུང་ཝུའུ་ཁི་ལན་ལ་གཟིགས་སྐྱོང་སྲིད་ཇུས་ལྡན་པའི་སོལ་རླངས་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར།

མུས་ལི་ཡིས་བསྟན་དོན། ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིས་ཟླ་རྗེས་མ་ནས་བཟུང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་རྒྱུ་མིན་ཟེར། ཁོས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་གྲོགས་པོས་གཟིགས་སྐྱོང་སྲིད་ཇུས་འདོན་སྤྲོད་བྱེད་པའི་སོལ་རླངས་ཁ་གསབ་གན་རྒྱ་ལག་བསྟར་བྱས་མེད་པ་ནན་བཤད་བྱས།

ཝུའུ་ཁི་ལན་གྱིས་དུས་བཅད་ལྟར་ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་དངུལ་བུན་ཐེར་འབུམ1དང་དུང་ཕྱུར5ལྷག་རྩིས་སྤྲོད་བྱས་མེད་ཟེར།

དེའི་ཐད་ནས་མེ་ཏི་བེ་ཅེ་ཧྥུའུ་ཡིས་བསྟན་དོན། གནས་ཚུལ་དེ་འདྲར་གཞིགས་ན་གཟིགས་སྐྱོང་སྲིད་ཇུས་ལྡན་པའི་སོལ་རླངས་མཁོ་འདོན་བྱེད་མཚམས་བཞག་པ་ནི་ལུགས་དང་མཐུན་པ་ཞིག་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག