མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུར་ཀ་རི་ཡཱའི་རྒྱལ་སྤྱིའི་ཞིང་ལས་འགྲེམ་སྟོན་ཚོགས་འདུ་སྐབས་ཉེར་གསུམ་པ་སྤེལ་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན5ཡིན་པའི་པུར་ཀ་རི་ཡཱའི་རྒྱལ་སྤྱིའི་ཞིང་ལས་འགྲེམ་སྟོན་ཚོགས་འདུ་སྐབས་ཉེར་གསུམ་པ་ཚེས4ཡི་ཉིན་ཕུའུ་ལོ་ཧྥུའུ་ཏིས་ཧྥུའུ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་སྤེལ་མགོ་བརྩམས་པ་དང་། འཇར་མན་དང་དབྱི་ཐཱ་ལེ། ཨ་མེ་རི་ཁ། ཐུར་ཁེ། ཀྲུང་གོ་སོགས་རྒྱལ་ཁབ་ཉེར་གཉིས་ནས་ཡོང་བའི་ཀུང་ཟི་དང་ཞིབ་འཇུག་ལས་ཁུངས་བཞི་བརྒྱ་དང་དོན་དགུ་འགྲེམ་སྟོན་ལ་ཞུགས།

པུར་ཀ་རི་ཡཱའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་ཏུང་ཧྲི་ཚོགས་པའི་ཀྲུའུ་ཞི་སོ་ཁི་ལོ་ཧྥུའུ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་སྐབས་བཤད་རྒྱུར། རྒྱལ་སྤྱིའི་ཞིང་ལས་འགྲེམ་སྟོན་ལས་ཁུངས་ཀྱི་ཁ་གྲངས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ད་ལོ་ཡང་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན་ཡོད། དེ་ནི་གློ་བུར་བའི་དོན་ཞིག་མིན་པ་དང་། དེ་ལས་ཞིང་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་པུར་ཀ་རི་ཡཱའི་ཞིང་ལས་འགྲེམ་སྟོན་ཚོགས་འདུའི་ཡོ་རོབ་གླིང་ཤར་ལྷོའི་ས་ཁུལ་གྱི་གོ་གནས་མངོན་པར་མཚོན་ཡོད་ཟེར།

པུར་ཀ་རི་ཡཱའི་ཞིང་ལས་དང་ཟས་རིགས་པུའུ་ཡི་པུའུ་ཀྲང་ཀི་ལོས་ཁི་ཧྥུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། 2014ཡི་ལོ་ནས2020ལོའི་བར་པུར་ཀ་རི་ཡཱ་རྒྱལ་ཁབ་ལ་ཡོ་རོབ་གླིང་མནའ་འབྲེལ་གྱིས་འདོན་སྤྲོད་བྱས་པའི་མེ་སྒོར་ཐེར་ཆེན1དང་དུང་ཕྱུར5ལྷག་གི་ཞིང་ལས་ཁ་གསབ་རོགས་དངུལ་ཐོབ་ཐུབ་པ་དང་། དེ་པུར་ཀ་རི་ཡཱའི་ཞིང་ལས་དེང་རབས་ཅན་གྱི་ཕྱོགས་སུ་བཀོལ་ནས་ཞིང་ལས་ཁེ་ལས་ཀྱི་ཚོང་རའི་དཔལ་འབྱོར་ཁོར་ཡུག་ཁྲོད་ཀྱི་འགྲན་རྩོད་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

གླེང་བར་འོས་པ་ཞིག་ལ་སྐབས་འདིའི་རྒྱལ་སྤྱིའི་ཞིང་ལས་འགྲེམ་སྟོན་ཚོགས་འདུའི་སྟེང་འཛམ་གླིང་རིམ་པ་དང་ཡོ་རོབ་གླིང་རིམ་པའི་གསར་སྐྲུན་ཞིང་ལས་ལག་རྩལ་དང་ཞིང་ལས་སྒྲིག་ཆས་རེ་དགུ་འགྲེམ་སྟོན་བྱས་ཡོད་པ་དང་། ཞིང་ལས་ཐད་བཀོལ་བའི་འདྲུད་འཐེན་འཁོར་ལོའི་རྨོ་འདེབས་སྒྲིག་ཆས་དང་ཕྱུགས་ཟོག་གསོ་སྤེལ་ར་བའི་གློག་སྒྲོན། སྤུས་ལེགས་གཟན་ཆས་ཀྱི་འདྲེས་སྦྱོར་ལག་རྩལ་སོགས་ལ་འབྲེལ་བ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག