མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གིས་པཱ་ཀ་ཏཱའི་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་བསྡུ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་དཔོན་རིགས་ཀྱིས་ཚེས4ཡི་ཉིན་བསྟན་དོན། དབྱི་རག་གིས་ཟླ་འདིའི་ཚེས12ཉིན་ནས་ཚེས13ཉིན་བར་པཱ་ཀ་ཏཱའི་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་བསྡུ་རྒྱུ་ཡིན་ཟེར།

པཱ་ཀ་ཏཱའི་རྒྱལ་སྤྱིའི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་གྲོས་ཚོགས་ཀྱི་མགྲིན་ཚབ་པ་ཨ་ཐཱ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོར་རྒྱལ་ཁབ་རེ་འགས་འཇིགས་སྐུལ་རྩ་འཛུགས་ལ་མཚོན་ཆ་དང་མ་དངུལ་གྱི་རོགས་སྐྱོར་བྱེད་བཞིན་པ་དང་། རྒྱལ་ཁབ་རེ་འགས་འཇིགས་སྐུལ་རྩ་འཛུགས་ཀྱིས་རང་གི་མངའ་ཁོངས་སུ་སྦྱོང་བརྡར་བྱེད་སའི་སྒར་ས་བཙུགས་ཡོད་ཀྱང་སྣང་མེད་དུ་བསྐྱུར་ཡོད་ལ། དབྱི་རག་མིག་སྔར་ཆེས་ཛ་དྲག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནས་བབ་ལ་འཕྲད་ཡོད་པ་དང་། དབྱི་རག་གིས་ཇི་ལྟར་རྒྱལ་ཁབ་གཞན་པའི་བར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་སྤེལ་བ་སོགས་ནང་དོན་འདུས་ཡོད།

ཨ་ཐཱ་ཡིས་བསྟན་དོན། རྒྱལ་ཁབ་རེ་འགས་གྲོས་ཚོགས་ལ་ཞུགས་པའི་གདན་ཞུ་དང་ལེན་བྱས་ཡོད་པ་དང་། དབྱི་རག་གིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ། ཡོ་རོབ་གླིང་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱང་གདན་ཞུ་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག