མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མིས་མཱ་ཏི་ལི་ནས་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་ཚེས4ཡི་ཉིན་བུའུ་ཁི་ལན་གྱི་གནས་བབ་ཐད་ནས་སི་ཕེན་གྱི་རྒྱལ་ས་མཱ་ཏི་ལི་ནས་གསང་བའི་གྲོས་ཚོགས་བསྡུས། ཕྱོགས་གཉིས་ཀྱིས་གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་གང་ཡང་སྤེལ་མེད།

ཨ་ཧྲི་ཏོན་གྱི་མགྲིན་ཚབ་པས་ཉིན་དེར་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་དུས་ཚོད་གཅིག་རིང་སྤྲོ་བ་ལྡན་པའི་གཏམ་གླེང་བྱས་ཏེ་ལྟ་ཚུལ་བརྗེ་རེས་བྱས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས4ཉིན་ནས་བཟུང་སི་ཕེན་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། ཨ་ཧྲི་ཏོན་གྱིས་ཚེས་གསུམ་ཉིན་གློ་བུར་དུ་སི་ཕེན་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག