མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རོ་མཱ་ནི་ཡཱའི་གྲོས་ཞུགས་དཔོན་གྱིས་ལས་ཁུར་དགོངས་ཞུ་བྱས་པ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-05 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མཱ་ནི་ཡཱའི་རྒྱལ་ཁབ་རང་དབང་ཏང་གི་ཀྲུའུ་ཞི་ཨན་ཏུང་ནེ་སི་ཁུའུ་ཡིས་ཚེས4ཉིན་གྲོས་ཞུགས་དཔོན་གྱི་ལས་འགན་བསྐྱུར་རྒྱུ་ཁྱབ་བསྒྲགས་བྱས།

རོ་མཱ་ནི་ཡཱའི་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གིས་ཉིན་དེར་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཙུང་ལི་ཕིན་ཐཱའི་སྲིད་གཞུང་གསར་བའི་སྲིད་སྐྱོང་རྩ་འཛིན་ལ་རྩོད་བསྡུར་བྱས་པ་དང་ནེ་ཀི་གསར་བར་ཡིད་ཆེས་ཡོད་མེད་ཀྱི་འདེམ་ཤོག་འཕང་། ཕིན་ཐཱ་ཡིས་ཚང་འཛོམས་གྲོས་ཚོགས་སྟེང་བསྟན་དོན། གལ་ཏེ་སྲིད་གཞུང་གསར་བར་གྲོས་ཁང་གི་ཡིད་ཆེས་པའི་འདེམ་ཤོག་ཐོབ་ན་ཁོས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་མཚན་མེད་ཟེར། ཁོས་ཞོར་དུ་ད་རུང་ཨན་ཏུང་ནེ་སི་ཁུའུ་ཡིས་གྲོས་ཞུགས་དཔོན་གྱི་ལས་འགན་བསྐྱུར་དགོས་པའི་རྣམ་འགྱུར་བསྟན། ཨན་ཏུང་ནེ་སི་ཁུའུ་དེ་མ་ཐག་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཡོང་ནས་གློ་བུར་དུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། སྲིད་སྐྱོང་བའི་སྤྱི་ཚོགས་རང་དབང་མནའ་འབྲེལ་གཏོར་བཤིག་ཏུ་སོང་བའི་དབང་གིས་ཕིན་ཐཱ་ཡིས་ལས་ཁུར་དགོངས་ཞུ་བྱེད་དགོས་པ་ནན་བཤད་བྱས།

རྒྱལ་ཁབ་རང་དབང་ཏང་གིས་ཟླ2པའི་ཚེས25ཉིན་སྲིད་སྐྱོང་བའི་སྤྱི་ཚོགས་རང་དབང་མནའ་འབྲེལ་ལས་ཕྱིར་བུད་པ་ཁྱབ་བསྒྲགས་བྱས་ཤིང་། ཏང་ཁག་དེའི་སྲིད་གཞུང་ནང་ལས་འགན་ཁུར་བའི་པུའུ་ཀྲང་དང་རྒྱལ་སྲིད་དྲུང་ཡིག་སོགས་དཔོན་པོས་ཉིན་གཉིས་པར་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་ཏེ། སྲིད་སྐྱོང་མནའ་འབྲེལ་གཏོར་བཤིག་ཏུ་སོང་བ་ཁྱབ་སྒྲོག་བྱས། ཕིན་ཐཱ་ཡིས་ཟླ་འདིའི་ཚེས3ཉིན་སྲིད་གཞུང་གསར་བའི་རྩ་འཛུགས་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག