མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཁྲའོ་ཞན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་ཀྲུང་གོའི་ཧྲིན་དབྱང་ནས་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-04 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་ཁྲའོ་ཞན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་ཚེས3ཉིན་ཀྲུང་གོའི་ལའོ་ཉིན་ཞིང་ཆེན་གྱི་ཧྲིན་དབྱང་ནས་ཁྲའོ་ཞན་དུ་ཡོད་པའི་འཇར་པན་བའི་རུས་པ་སོགས་མཉམ་བསྡུ་དང་ཕྱིར་སྤྲོད་པ་སོགས་ཀྱི་གནད་དོན་ཐད་ནས་གྲོས་མོལ་བྱས།

འཇར་པན་དང་ཁྲའོ་ཞན་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་མི་སྣས་ཧྲིན་དབྱང་གྲོང་ཁྱེར་གྱི་ཧྲིན་མའོ་མགྲོན་ཁང་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་མ་སྒྲིལ་གོང་ཁྲའོ་ཞན་ནས་འདས་པའི་འཇར་པན་བའི་རུས་པ་མཉམ་བསྡུ་དང་ཕྱིར་སྤྲོད་པའི་གནད་དོན་ལ་གྲོས་བསྡུར་བྱས།

གྲོས་མོལ་མཇུག་སྒྲིལ་རྗེས། ཁྲའོ་ཞན་རྒྱ་གྲམ་དམར་པོ་ཚོགས་པའི་དྲུང་ཡིག་ཆེན་མོ་ལིས་ཧུའུ་ལིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པས་གྲོས་མོལ་བྱེད་སྐབས་འཇར་པན་བའི་རུས་པའི་གནད་དོན་ཐག་གཅོད་པའི་ཐད་ནས་གྲོས་བསྡུར་དང་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕྱིན་ཆད་མུ་མཐུད་དུ་གྲོས་མོལ་ལ་བརྟེན་ནས་གོང་གི་གནད་དོན་དེ་ཐག་གཅོད་བྱེད་པར་གྲོས་མཐུན་བྱུང་། འཇར་པན་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ལས་དོན་པུའུ་ཡི་དཔོན་པོ་ཐེན་པན་ཀྲི་ཡིས་བསྟན་དོན། འཇར་པན་ཕྱོགས་ཀྱིས་ཁྲའོ་ཞན་རྒྱ་གྲམ་དམར་པོར་འཇར་པན་གྱི་མང་ཚོགས་ཀྱིས་ཁྲའོ་ཞན་དུ་སོང་ནས་གནས་དེར་འདས་པའི་ཉེ་མིར་དུར་ཕྱགས་དང་རུས་པ་ཕྱིར་ལེན་པའི་རེ་འདོད་ཡོད་པ་གསལ་བོར་བསྟན། འཇར་པན་ཕྱི་འབྲེལ་ལས་ཁུངས་ཀྱི་དཔོན་པོས་བཤད་རྒྱུར། གྲོས་མོལ་བྱས་རྗེས་ཕྱོགས་གཉིས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་བསམ་འཆར་བསྡུ་ལེན་བྱས་ཏེ། སྲིད་གཞུང་བར་གྱི་གྲོས་མོལ་བྱེད་མིན་ལ་བསམ་བློ་གཏོང་རྒྱུ་ཡིན་ཟེར།

འཇར་པན་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བརྒྱད་པའི་ཚེས་དགུ་ཉིན་པེ་ཅིན་ནས་བྱ་བའི་གྲོས་མོལ་བྱས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག