མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྙན་ཞུ་ལས་འཛམ་གླིང་ཡོངས་ཀྱི་མི་དུང་ཕྱུར་གསུམ་དང་བྱེ་བ་དྲུག་གི་རྣའི་ཚོར་ནུས་ཉམས་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-04 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་སྒྲོག་བྱས་པའི་སྙན་ཞུ་ལས། འཛམ་གླིང་ཡོངས་ཀྱི་མི་དུང་ཕྱུར་གསུམ་དང་བྱེ་བ་དྲུག་གི་རྣའི་ཚོར་ནུས་ཉམས་ཡོད་པ་དང་། གཙོ་བོ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་། ཨེ་ཤ་ཡཱ་ལྷོ་མ། ཨ་ཧྥེ་རི་ཁའི་སཱ་ཧཱ་ལཱ་སོགས་ས་ཁུལ་དུ་འཚོ་སྡོད་བྱས་ཡོད་ཟེར། སྙན་ཞུ་ལས་བསྟན་དོན། རྣའི་ཚོར་ནུས་ཉམས་པའི་མི་མང་བོའི་ནད་དེ་ནི་སྔ་མོ་ནས་སྔོན་འགོག་བྱས་ཆོག་ཆོག་ཡིན་ཟེར།

སྙན་ཞུ་དེ་ལས་རྒྱལ་ཁབ་དོན་དྲུག་ལ་རྟོག་ཞིབ་བྱས་པ་དང་། དེའི་ནང་རྒྱལ་ཁབ་སོ་གཉིས་ལ་མ་གཏོགས་རྣའི་ཚོར་ནུས་ཉམས་པ་དང་རྣའི་ནད་འགོག་བཅོས་བྱེད་པའི་འཆར་གཞི་མེད་ཟེར། སྙན་ཞུ་ལས་ད་རུང་སིབ་བིའི་ནད་དང་ཀླད་རྒྱའི་གཉན་ཚད། འགྲམ་རྨེན་གཉན་ཚད་སོགས་རིམས་ནད་ནི་རྣའི་ཚོར་ནུས་ཉམས་པར་བྱེད་པའི་རྒྱུ་གཙོ་བོ་ཡིན་པ་དང་། འགོག་སྨན་བརྒྱབ་ན་སྔོན་འགོག་བྱེད་ཐུབ་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲག་ཤུགས་དང་རྨས་སྐྱོན་སྔོན་འགོག དབང་བོ་སྐྱོན་ཅན་བཅས་བྱ་བའི་ཟི་ཡི་ཟི་ཀྲང་ཁི་ལུའུ་ཀི་ཡིས་བཤད་རྒྱུར། སྙན་ཞུའི་མཇུག་འབྲས་དེའི་དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་རྣའི་ཚོར་ནུས་ཀྱི་བདེ་སྲུང་ཐད་དང་། ཁྱད་པར་དུ་སྤྱི་བའི་འདུ་ཤེས་དང་གཞི་རྩའི་སྨན་བཅོས་ཁྱབ་ཁོངས་ཀྱི་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་དགོས་པའི་འབོད་སྐུལ་གཏོང་བའི་ཆེད་དུ་ཡིན་ཞིང་། རྣའི་ཚོར་ནུས་ཀྱི་བདེ་སྲུང་འཆར་གཞིས་ངེས་པར་དུ་མི་ཚང་མར་ཁེ་ཕན་རེག་ཏུ་འཇུག་དགོས་ལ། ཐ་ན་དར་རྒྱས་མིན་པའི་ས་ཁུལ་གྱི་མི་དམངས་ཡིན་ཡང་རྣའི་ཚོར་ནུས་ཀྱི་བདེ་སྲུང་སྲིད་ཇུས་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག