མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་བྲེལ་མྱུར་གྲོས་ཚོགས་ནས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-04 11:11

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་ཚབས་ཆེན་དུ་གྱུར་བ་དང་བསྟུན་ནས། ཡོ་རོབ་གླིང་དང་མེ་གླིང་གི་རྒྱལ་ཁབ་སོ་སོས་སྤེལ་བའི་ཕྱི་འབྲེལ་བྱ་བ་ཡང་ཅུང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་ཚེས2ཉིན་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྱང་ཚེས་གསུམ་ཉིན་ཕྱི་འབྲེལ་བློན་ཆེན་གྱི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་ཝུའུ་ཁི་ལན་གྱི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བརྒྱད་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དུས་ཚོད་ཅུང་རིང་བོར་གྲོས་བསྡུར་བྱས་རྗེས་ཉིན་དེའི་དགོང་མོར་བསྟན་དོན། གལ་ཏེ་ཨུ་རུ་སི་རྒྱལ་ཁབ་ཀྱིས་མཚོ་ནག་གྲུ་གཟིངས་རུ་ཁག་གི་རྟེན་གཞི་ནས་དམག་དཔུང་ཕྱིར་འཐེན་མི་བྱེད་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར། ཡིན་ན་ཡང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་ཕྱི་འབྲེལ་དཔོན་པོ་རྣམས་ཀྱིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་དམག་དཔུང་ཕྱིར་འཐེན་བྱེད་པར་དུས་ཚོད་གཏན་འཁེལ་བྱས་མེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་གྱིས་གྲོས་མོལ་བྱས་རྗེས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་མངའ་ཁོངས་དང་བདག་དབང་ལ་གནོད་སྐྱེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཨུ་རུ་སི་རྒྱལ་ཁབ་རྒྱལ་སྤྱིའི་འགན་འཁྲི་དང་དམ་བཅའ་ལ་འགལ་ཡོད་པར་འདོད། ཁོ་མོས་ཨུ་རུ་སི་རྒྱལ་ཁབ་ཀྱིས་མྱུར་དུ་མཚོ་ནག་གྲུ་གཟིངས་རུ་ཁག་རྟེན་གཞི་ནས་དམག་དཔུང་ཕྱིར་འཐེན་བྱས་ཏེ། མྱུར་མོར་ཝུའུ་ཁི་ལན་དང་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག