མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཚོགས་ཁག་མུའུ་ཀུའུ་ཡི་ལུང་ཕིས་ནེ་སྤྱི་གླིང་དུ་གནས་སྤར་ནས་མུ་མཐུད་དུ་ངོ་རྒོལ་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཚོགས་ཁག་གི་མགོ་ཁྲིད་པ་སུའུ་ཐིས་ཀྱིས་ཚེས22ཉིན་ཁོའི་རྒྱབ་སྐྱོར་མཁན་ཁྲིད་དེ་མན་ཀུའུ་ཡི་ལུང་དང་ཨ་སོ། ཀ་པཱ་སུང་སོགས་འདུ་ཚོགས་བྱེད་ས་ནས་ཕྱིར་འཐེན་བྱས་ཏེ། ལུང་ཕིས་ནེ་སྤྱི་གླིང་དུ་གནས་སྤར་ནས་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་བ་དང་། སྤྱི་གླིང་དེ་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་རྗེས་ཕྱོགས་འདུ་ཚོགས་བྱེད་སའི་རྟེན་གཞིར་བྱེད་རྒྱུ་རེད།

སུའུ་ཐིས་ཀྱིས་དེའི་སྔོན་ཉིན40ལྷག་གི་མན་ཀུའུ་ལ་བཀག་སྡོམ་བྱེད་པའི་འགུལ་སྐྱོད་མཚམས་བཞག་སྟེ། མན་ཀུའུ་ཡི་འགྲིམ་འགྲུལ་དང་ཚོང་ལས་སྒྲིག་ལམ་རྒྱུན་ལྡན་དུ་གཏོང་རྒྱུའི་བསམ་ཚུལ་བསྟན་མྱོང་།

གསར་འགོད་པས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་ཐེ་གོའི་ཙུང་ལིའི་བཞུགས་ཤག་ཏུ་འགྲོ་སའི་སྲང་ལམ་མཐོང་བ་ལྟར་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཚོགས་ཁག་གིས་ལྕགས་དྲ་དང་ས་སྒྱེ་སོགས་བཀོལ་ནས་གཞུང་ལམ་སྟེང་བཀག་རྒྱ་བཟོས་རྗེས་ཕྱིར་འཐེན་བྱས་པ་དང་། གསར་འགོད་པ་སྔོན་དུ་སོང་ནས་པར་ལེན་རྩིས་བྱེད་སྐབས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཚོགས་ཁག་གི་བདེ་སྲུང་མི་སྣས་བཀག་འགོག་བྱས་པར་མ་ཟད། གསར་འགོད་པར་པར་བླངས་མི་ཆོག་པའི་བྱང་བུ་བསྟན་པ་རེད། དར་རྒྱས་ཟམ་པ་ནི་ཐཱ་ཞིན་གྱི་སྒྲིག་ལུགས་ལ་ངོ་རྒོལ་བྱེད་པའི་མི་དམངས་དམག་གི་རྔམ་སྟོན་ཁྲོམ་སྐོར་བྱེད་སའི་སྒར་ས་ཡིན་ཞིང་། གནས་དེར་ཕྱིར་འཐེན་བྱེད་པའི་སྣང་ཚུལ་མེད་ཀྱང་གནས་དེར་རྔམ་སྟོན་ཁྲོམ་སྐོར་མཁན་མང་བོ་མེད། ཙེ་ཝ་ཐཱ་ནཱ་ལམ་གྱི་སྲིད་གཞུང་སྲིད་འཛིན་ལྟེ་གནས་ཀྱི་རྔམ་སྟོན་ཁྲོམ་སྐོར་མཁན་ཡང་ཕྱིར་འཐེན་བྱས་མེད་ཟེར།

དེའི་སྔོན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཚོགས་ཁག་གི་སྒར་ས་ཆེན་པོར་བྱེད་པའི་དམངས་གཙོའི་རྗེས་དྲན་རྡོ་རིང་ཉེ་འདབས་ཀྱི་འགྲིམ་འགྲུལ་སླར་གསོ་བྱས་ཡོད་ཀྱང་། རྔམ་སྟོན་ཁྲོམ་སྐོར་མཁན་ཞག་སྡོད་བྱེད་སའི་སྲང་ལམ་དུ་དྲག་ཤུགས་འཁྲུག་རྩོད་བྱུང་སྐབས་གཏོར་བརླག་ཐེབས་པའི་རླངས་འཁོར་སོགས་སྔར་གྱི་གནས་སུ་བཞག་ཡོད་ཟེར།

ཉིན་དེའི་ཕྱི་དྲོའི་དུས་ཚོད་ལྔའི་ཡས་མས་སུ། གསར་འགོད་པ་ལུང་ཕིས་ནེ་སྤྱི་གླིང་དུ་འབྱོར་དུས་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་འདུ་ཚོགས་ཀྱི་གར་སྟེགས་ལས་གྲུབ་པ་དང་། སྤྱི་གླིང་གི་མཚེའུའི་འགྲམ་དང་རྩྭ་ཐང་སོགས་སུ་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་རས་གུར་ཕུབ་ཡོད་པས། དུས་ཡུན་རིང་བོར་ངོ་རྒོལ་བྱ་འགུལ་སྤེལ་བའི་གྲ་སྒྲིག་བྱས་ཡོད་པ་གསལ་བོ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག