མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཐཱ་ལེ་པན་ལ་བར་སྣང་ནས་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་སྲིད་གཞུང་གིས་ཚེས2ཉིན་ཁྱབ་སྒྲོག་བྱས་དོན། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་ཉེས་ཅན་ལ་དམིགས་པའི་བར་སྣང་གི་འཇབ་རྒོལ་མཚམས་འཇོག་རྒྱུ་ཡིན་ཟེར།

ཕཱ་ཁི་སི་ཐན་གྱི་ནང་སྲིད་བློན་ཆེན་ཨ་ལི་ཧན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་གྱིས་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པར་དམིགས་ནས། སྲིད་གཞུང་གིས་ཐཱ་ལེ་པན་དྲག་ཆས་ཉེས་ཅན་ལ་དམིགས་པའི་བར་སྣང་གི་འཇབ་རྒོལ་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།

ཁོས་བཤད་རྒྱུར། སྲིད་གཞུང་གིས་ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་ནི་སྣང་ཚུལ་བཟང་བོ་ཞིག་ཡིན་པར་བསམ་ཡོད་ཀྱང་། སྲིད་གཞུང་དང་དམག་ཕྱོགས་ལ་དྲག་ཤུགས་དོན་རྐྱེན་གང་རུང་ལ་རྒོལ་ལན་སྤྲོད་པའི་དབང་ཆ་ཡོད་པ་དང་། བདེ་འཇགས་དམག་དཔུང་གིས་བར་སྣང་གི་འཇབ་རྒོལ་འགུལ་སྐྱོད་ལག་བསྟར་བྱས་པ་ནི་ཕཱ་ཁི་སི་ཐན་ཐཱ་ལེ་པན་གྱི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་ལན་སྤྲོད་པ་ཁོ་ནའི་ཆེད་དུ་ཡིན་ཟེར།

ཕཱ་ཁི་སི་ཐན་ཐཱ་ལེ་པན་གྱིས་ཚེས1ཉིན་ཟླ་ངོ1རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྩ་འཛུགས་དེའི་ཁོངས་མིས་རྣམ་པ་གང་རུང་གི་འཇབ་རྒོལ་མཚམས་འཇོག་དགོས་པའི་རེ་བ་བཏོན་པར་མ་ཟད། སྲིད་གཞུང་གིས་ཕཱ་ཁི་སི་ཐན་ཐཱ་ལེ་པན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཆོད་དོན་ལ་ལན་གསལ་བོར་སྟེར་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག