མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་ལན་གྱི་ཙུང་ལི་ཡིས་གྲོས་ཚོགས་བསྡུས་ཏེ་བུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-03 15:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཚེས2ཉིན་ཕོ་ལན་སྲིད་ཏང་སོ་སོའི་མགོ་ཁྲིད་པ་དང་ཕྱི་འབྲེལ་བློན་ཆེན། རྒྱལ་སྲུང་བློན་ཆེན། ནང་སྲིད་བློན་ཆེན། དེ་མིན་བུའུ་ཁི་ལན་གནད་དོན་གྱི་ཆེད་མཁས་པ་བཅས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས་ཏེ། བུའུ་ཁི་ལན་གྱི་དེང་སྐབས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས།

ཐུའུ་སི་ཁི་ཡིས་བསྟན་དོན། གྲོས་ཚོགས་ལ་ཞུགས་མཁན་ཚོའི་བུའུ་ཁི་ལན་གྱི་གནད་དོན་ཐད་ཀྱི་ལྟ་ཚུལ་གཅིག་མཚུངས་ཡིན་པར་མ་ཟད། སྔར་ལས་ཛ་དྲག་ཏུ་འགྱུར་བཞིན་པའི་བུའུ་ཁི་ལན་གྱི་ཛ་དྲག་གི་གནས་བབ་ལ་སེམས་མི་བདེ་བའི་ཚུལ་བསྟན། ཐུའུ་སི་ཁི་ཡིས་བཤད་རྒྱུར། བུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱིས་ཕོ་ལན་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་སྲིད་པས་ཕོ་ལན་གྱིས་ངེས་པར་དུ་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཕོ་ལན་གྱི་ནུས་ཁུངས་སྒེར་ཚུགས་མངོན་འགྱུར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཐུའུ་སི་ཁི་ཡིས་ནན་གྱིས་བསྟན་དོན། བུའུ་ཁི་ལན་ཉམས་ཉེན་གྱི་མཇུག་འབྲས་ཧ་ཅང་ཚབས་ཆེན་ཡིན་སྲིད་པ་ནན་བཤད་བྱས། མིག་སྔར་ཕོ་ལན་དང་དེའི་མཐའ་མཚམས་ས་ཁུལ་དུ་ཐད་ཀར་འཇིགས་ཉེན་བཟོས་མེད་ཀྱང་། ཕོ་ལན་གྱིས་བུའུ་ཁི་ལན་གྱི་བརྟན་འཇགས་གནས་བབ་ལ་རོགས་རམ་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག