མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་ཡིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ནོར་སྲིད་ཐད་ནས་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-28 12:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚེས་ཉེར་བདུན་ཉིན་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཁི་ལི་མུས་ཡཱ་ལ་ནོར་སྲིད་ཐད་ནས་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཁོ་ཚོས་ཞོར་དུ་ཡཱ་ནོའུ་ཁི་ཝེ་ཆི་སྔར་བཞིན་བུའུ་ཁི་ལན་གྱི་ཙུང་ཐུང་ཡིན་པ་ཁས་ལེན་བྱེད་བཞིན་པའི་ཚུལ་བསྟན།

ཁི་ལི་མུས་ཡཱ་སྲིད་གཞུང་གི་ཙུང་ལི་གསར་བ་ཨ་ཁི་ཞའོ་ནོའུ་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཁི་ལི་མུས་ཡཱའི་མིག་སྔའི་དཀའ་ཁག་གི་སྐབས་སུ། ཨུ་རུ་སི་རྒྱལ་ཁབ་ཀྱིས་ནོར་སྲིད་དང་བཅས་པའི་ཐད་ནས་རྒྱབ་སྐྱོར་བྱེད་སྲིད་པར་ཡིད་ཆེས་ཡོད་ཟེར།

ཁོས་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ནོར་སྲིད་ཐད་ནས་རོགས་སྐྱོར་བྱེད་པར་ཁས་ལེན་བྱེད་དགོས་པ་དང་། ཨུ་རུ་སིའི་རོགས་སྐྱོར་འོག་ཁི་ལི་མུས་ཡཱའི་རྒྱལ་དམངས་དཔལ་འབྱོར་སླར་གསོ་འབྱུང་ཐུབ་ཟེར། ཡཱ་ནོའུ་ཁི་ཝེ་ཆི་ནི་སྔར་བཞིན་བུའུ་ཁི་ལན་གྱི་ཁྲིམས་ལྟར་བདམས་ཐོན་བྱུང་བའི་ཙུང་ཐུང་ཡིན་པ་དང་། འབྲེལ་ཡོད་ཀྱི་གྲོས་མོལ་དག་ཁོ་བརྒྱུད་དེ་སྤེལ་དགོས་ཟེར།

ཁི་ལི་མུས་ཡཱའི་གྲོས་དཔོན་ཁང་སི་ཐན་ཏེན་ནོའུ་ཧྥུའུ་ཡིས་ཉིན་དེར་བསྟན་དོན། བུའུ་ཁི་ལན་གྱི་ད་ལྟའི་ཙུང་ཐུང་སྔར་བཞིན་ཡཱ་ནོའུ་ཁི་ཝེ་ཆི་ཡིན་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུག་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཁི་ལི་མུས་ཡཱའི་མགོ་ཁྲིད་པས་ཨུ་རུ་སི་རྒྱལ་ཁབ་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགོས་པའི་རེ་འདོད་བཏོན་པར་དམིགས་ཏེ། ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་སྲིད་གཞུང་གིས་ཁི་ལི་མུས་ཡཱ་ལ་ནོར་སྲིད་ཐད་ནས་རོགས་སྐྱོར་བྱེད་པ་སོགས་གནད་དོན་ལ་ཞིབ་འཇུག་བྱེད་དགོས་པའི་མཛུབ་སྟོན་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག