མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བུའུ་ཁི་ལན་གྱིས་ཁི་ལི་མུས་ཡཱའི་གྲོས་ཁང་དྲག་ཆས་ཉེས་ཅན་གྱིས་བཙན་བཟུང་བྱས་པའི་གནད་དོན་ཐད་ནས་ཨུ་རུ་སིའི་ཆེད་མངག་ཕོ་ཉར་ཐུག་འཕྲད་བྱས་ཏེ་གྲོས་མོལ་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-28 12:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་ཅི་ཧྥའུ་རུ་སྡོད་པའི་ཨུ་རུ་སིའི་ཆེད་མངག་ཕོ་ཉ་ཚབ་མར་ཐུག་འཕྲད་བྱས་ཏེ། དྲག་ཆས་མི་སྣས་བུའུ་ཁི་ལན་གྱི་ཁི་ལི་མུས་ཡཱ་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་གྲོས་ཁང་ཐོག་ཁང་ཆེན་མོ་བཙན་བཟུང་བྱས་པའི་ཐད་ནས་མྱུར་མོར་ཨུ་རུ་སིའི་ཕྱོགས་དང་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན།

བུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་བསྟན་དོན། ཨུ་རུ་སིའི་ཆེད་མངག་ཕོ་ཉར་འཕྲིན་ཡིག་ཅིག་སྤྲད་དེ། ཁི་ལི་མུས་ཡཱ་ཡི་སེ་ཝ་སི་ཐའོ་པའོ་ཨར་གྲུ་ཁར་སྡོད་པའི་ཨུ་རུ་སིའི་དམག་དཔུང་དག་སྒར་སའི་ནང་དུ་སྡོད་དགོས་པའི་རེ་བ་བཏོན་ཡོད་ཟེར།

བུའུ་ཁི་ལན་གྲོས་ཁང་གིས་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ཡཱ་ནོའུ་ཁི་ཝེ་ཆི་ཡི་ཙུང་ཐུང་གི་ལས་འགན་བླངས་རྗེས་ཨུ་རུ་སི་རྒྱལ་ཁབ་ཀྱིས་ཅི་ཧྥུའུ་རུ་སྡོད་པའི་གཞུང་ཚབ་པ་ཕྱིར་བོས་ནས་གྲོས་མོལ་བྱས།

བསྒྲགས་པ་ལྟར་ན། ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་ཡིས་བུའུ་ཁི་ལན་གྱི་ཁི་ལི་མུས་ཡཱའི་གྲོས་ཁང་དང་སྲིད་གཞུང་ཐོག་ཁང་ཆེན་མོ་བཙན་བཟུང་བྱས་པ་དང་། དྲག་ཆས་ཉེས་ཅན་གྱིས་ཐོག་ཁང་དེ་བཙན་བཟུང་བྱེད་སྐབས་མི་སྣའི་ཤི་རྨས་བཟོས་མེད་ལ། དྲག་ཆས་ཉེས་ཅན་གྱིས་ཐོག་ཁང་ཆེན་མོ་དེ་བཙན་བཟུང་བྱས་རྗེས་ཐོག་ཁང་ཆེན་མོའི་སྟེང་ཨུ་རུ་སིའི་རྒྱལ་དར་བསྒྲེངས་པ་རེད་ཟེར།

གཞན་ཡང་བསྒྲགས་པ་ལྟར་ན། བུའུ་ཁི་ལན་གྱི་བར་བརྒལ་སྲིད་གཞུང་གི་ནང་སྲིད་བློན་ཆེན་ཨ་ཝ་ཁི་ཧྥུའུ་ཡིས་བསྟན་དོན། ཁི་ལི་མུས་ཡཱའི་གྲོས་ཁང་དང་སྲིད་གཞུང་གི་ཐོག་ཁང་ཆེན་མོ་བཙན་བཟུང་བྱས་རྗེས་བུའུ་ཁི་ལན་གྱི་ཉེན་རྟོག་ཕྱོགས་དང་ནང་སྲིད་པུའུ་ཡི་དམག་དཔུང་གིས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།

དེ་ལས་གཞན་བུའུ་ཁི་ལན་གྱི་ཙུང་ཐུང་གི་ཚབ་ཏུ་འགན་དབང་ཁུར་བའི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་ཨུ་རུ་སི་ལ་ཉེན་བརྡ་བཏང་སྟེ། ཨུ་རུ་སི་རྒྱལ་ཁབ་ཀྱིས་གྲོས་མཐུན་བརྩི་སྲུང་བྱས་ནས། ཁི་ལི་མུས་ཡཱ་ས་ཁུལ་དུ་ཡོད་པའི་ཨུ་རུ་སིའི་མཚོ་དམག་གིས་འགུལ་སྐྱོད་སྤེལ་མི་རུང་། གལ་ཏེ་འགུལ་སྐྱོད་སྤེལ་ན་བཙན་འཛུལ་དུ་རློམ་སྲིད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་རྗེས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གིས་དེའི་སྔོན་གྱི་གྲོས་མཐུན་བརྩི་སྲུང་ནན་མོ་བྱེད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག