མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཁྲའོ་ཞན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་ཟླ་གསུམ་པར་གྲོས་མོལ་སླར་གསོ་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-28 12:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་གསུམ་པའི་ཚེས་གསུམ་ཉིན་ཁྲའོ་ཞན་གྱི་རྒྱ་གྲམ་དམར་པོ་ཚོགས་པ་དང་མཉམ་དུ་ཀྲུང་གོའི་ཧྲིན་དབྱང་ནས་བྱ་བའི་གྲོས་མོལ་བསྡུ་རྒྱུ་ཡིན་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པས་ལོ་ཕྱེད་ཙམ་འགོར་རྗེས་གྲོས་མོལ་ཡང་བསྐྱར་སླར་གསོ་བྱས་པ་རེད།

འཇར་པན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་བསྟན་དོན། ཁྲའོ་ཞན་གྱི་རྒྱ་གྲམ་དམར་པོ་ཚོགས་པས་ཟླ་གཉིས་པའི་ཚེས་ཉེར་བཞིའི་ཉིན་གྲོས་མོལ་བྱེད་རྒྱུའི་རེ་འདོད་བཏོན་པ་རེད་ཟེར། འཇར་པན་ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པས་འཐབ་འཁྲུག་དབང་གིས་ཁྲའོ་ཞན་ནས་ཚེ་ལས་འདས་ཤིང་གནས་དེར་ལུས་པའི་འཇར་པན་པའི་རུས་པ་ཕྱིར་བསྡུ་བ་དང་དུར་ཕྱགས་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད་ཟེར། དེ་ལས་གཞན་འཇར་པན་དང་ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་དཔོན་རིགས་ཀྱང་གྲོས་མོལ་ལ་ཞུགས་རྒྱུ་རེད་ཟེར།

འཇར་པན་དང་ཁྲའོ་ཞན་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་འཐུས་མིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བརྒྱད་པར་པེ་ཅིན་ནས་བྱ་བའི་གྲོས་མོལ་སྤེལ་བ་དང་། ཉིན་ཉི་ཤུ་ཙམ་གྱི་རྗེས་སུ་འཇར་པན་དང་ཁྲའོ་ཞན་གྱིས་སྲིད་གཞུང་བར་གྱི་གྲོས་མོལ་དངོས་སུ་མགོ་བརྩམས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག