མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་མཱ་ལིའི་རྒྱལ་ས་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-28 12:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་ཉིན་དེར་ཡང་བསྐྱར་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག་ཟེར།

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འགས་གཏོར་དོན་རྐྱེན་བྱུང་ས་ནི་སོ་མཱ་ལིའི་གསང་འཕྲིན་དང་བདེ་འཇགས་ལས་ཁུངས་ཀྱི་སྤྱི་ཁྱབ་པུའུ་ཡི་ཉེ་འདབས་ཀྱི་ཟ་ཁང་ཞིག་ཡིན་པ་དང་། ཟ་ཁང་དེར་དུས་རྒྱུན་སྲིད་གཞུང་གི་དཔོན་པོ་མང་བོ་ཁ་ཟས་བཟའ་བར་ཡོང་གིན་ཡོད་པས། རླངས་འཁོར་འགས་གཏོར་དེའི་དམིགས་ཡུལ་ནི་ཟ་ཁང་དེ་ཡིན་སྲིད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས་མེད་ཀྱང་། ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེའི་ཁྱད་ཆོས་སྣ་ཚོགས་ལ་གཞིགས་ན། སོ་མཱ་ལིའི་ཆོས་ལུགས་ཕྱོགས་ཁག་གི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་ན་གཞོན་འགུལ་སྐྱོད་ཅེས་པས་བཟོས་པ་ཡིན་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག